R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༢
[A:༢༦༢]འབྲུག་ཆོས་རྗེ་མཁྱེན་རབ་ངག་དབང་བློ་གསལ་ཕུན་ཚོགས་དང༌། ཆོས་གྲྭ་ཆེན་པོ་ནཱ་ལེནྡྲའི་བླ་མ་སློབ་དཔོན་དུ་མ། པཎྜི་ཏ་ཤཱཀྱ་མཆོག་ལྡན་གྱི་རྒྱལ་ཚབ་རྩེ་གདོང་སྤྲུལ་པའི་སྐུ་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ། མཁས་དབང་དམ་པ་གཟིམས་ཕུག་སྤྲུལ་པའི་སྐུ་བློ་བཟང་བསྟན་འཛིན་མགོན་པོ། ཉམས་རྟོགས་ཀློང་གྱུར་གཞི་དགོན་མཁན་ཆེན་བསོད་ནམས་དཔལ་བཟང༌། འདར་གྲོང་མཁན་ཆེན་མཁྱེན་པའི་དབང་ཕྱུག་ངག་དབང་ཤེས་རབ། ཉམས་རྟོགས་ནུས་པ་མཐར་ཕྱིན་བླ་མ་དམ་པ་རྣམས་ལ་མོས་གུས་ཁོ་ནས་གྲོལ་བ་རིག་འཛིན་སྐལ་བཟང་རྣམ་གྲོལ། སྒྲུབ་པའི་རྒྱལ་མཚན་འཛིན་ཞིང་ས་ལམ་གྱི་རྟོགས་པ་མངོན་དུ་གྱུར་པ་རྫོང་རི་རབ་འབྱམས་པ་བྱམས་པ་ཀུན་དགའ་ཕྲིན་ལས་སྐལ་བཟང་བསྟན་འཛིན། གླིང་སྨད་ཞབས་དྲུང་ཕུན་ཚོགས་བཀྲ་ཤིས་སོགས་གསང་ཕུ་ནེའུ་ཐོག་དང་འབྲས་ཡུལ་སྐྱེད་ཚལ་གྱི་བླ་མ་སློབ་དཔོན་དུ་མ། སྙན་བརྒྱུད་ཟབ་མོའི་མཛོད་འཛིན་རྡོ་རྗེ་འཛིན་པ་བསོད་ནམས་སྣང་བྱེད་དང༌། བསོད་ནམས་རིན་ཆེན། ཀུན་དགའ་དཔལ་འབྱོར་སོགས་བཀྲ་ཤིས་ཆོས་སྡེའི་སློབ་དཔོན་དུ་མ། རབ་བྱུང་མཁན་པོ་བཟོད་པ་འོད་ཟེར། བཀའ་འགྱུར་བ་ཆེན་པོ་སངས་རྒྱས་རྒྱལ་མཚན། ས་ཕུག་གྲུབ་དབང་ཀུན་དགའ་ཚུལ་ཁྲིམས། དགེ་སློང་བསམ་གཏན་རྒྱལ་མཚན། ནཱ་རོའི་རྣམ་སྤྲུལ་འབྲུག་པ་ཐམས་ཅད་མཁྱེན་པ། པཎྜི་ཏ་ཀརྨ་ཆོས་ཀྱི་འབྱུང་གནས། རྒྱལ་སྲས་མཆོག་གི་སྤྲུལ་སྐུ་བློ་བཟང་འཇིགས་མེད། ཞི་ལྷ་སྤྲུལ་པའི་སྐུ་འཕགས་པ་དགེ་ལེགས་རྒྱལ་མཚན། རྔོག་གི་གདུང་འཛིན་ཉན་པོ་ཁུ་དབོན། ཟུར་སྤྲུལ་པའི་སྐུ་ཕྲིན་ལས་བློ་ལྡན་རྒྱ་མཚོ། སེ་བོ་སྤྲུལ་སྐུ་ལྷུན་གྲུབ་ཕུན་ཚོགས། གངས་ཅན་མཁན་རིན་པོ་ཆེ་