R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༦༣
[A:༢༦༣]ངག་དབང་རབ་བརྟན། འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་མཁན་ཆེན་བསྟན་འཛིན་རྒྱ་མཚོ། ཕ་བོང་ཁའི་མཁན་ཆེན་སྐལ་བཟང་མཆོག་གྲུབ། མང་ར་མཁན་ཆེན་བློ་བཟང་དཔལ་འབར། ཀོང་པོ་ཞོ་ཁ་བླ་མ་ཟླ་བ་བཟང་པོ། སྒྲུབ་རྙིང་སློབ་དཔོན་ལྷུན་གྲུབ་རྒྱལ་པོ། ཉང་སྟོད་པ་བརྩེ་ཆེན་བླ་མ་བྱམས་པ་ཤེས་རབ། སྐྱེད་ཚལ་འོག་བླ་མ་རོང་པ་སྐྱིད་གཤོངས་ཆོས་རྗེ། འབྲས་གླིང་བླ་མ་མདོ་སྔགས་ཆོས་འཕེལ། བཀའ་ཆེན་ཐབས་མཁས་རྒྱ་མཚོ། གཤེགས་ཁར་ཟབ་དོན་མངོན་དུ་གྱུར་པ་ཞྭ་ལུ་དབུ་བྱེད་ཀུན་སྤངས། གྲུབ་མཐའ་རིས་མེད་ལ་མོས་ཤིང་ལྷག་པར་རྗེ་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་སོག་ཡུལ་ཧ་ལ་ཤན་གྱི་བླ་དཔོན་ཟུང་འབྲེལ་ཐོ་ཡོན་དར་རྒྱས་སོགས་བྱང་རིགས་བླ་དཔོན་མང་པོ། རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ས་ངོར་བསྟན་པའི་སྦྱིན་བདག་ས་སྐྱོང་རྒྱལ་པོའི་རིགས་སུ་འཁྲུངས་ཤིང༌། ཆོས་རྒྱལ་མཚན་དོན་དང་མཐུན་པ་བསྟན་པ་ཚེ་རིང་ཡབ་སྲས་བློན་འབངས་དུ་མ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་བསྟན་པའི་སྦྱིན་བདག་འདར་པ་ཡབ་སྲས། བཀའ་བློན་པཎྜི་ཏ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རིམ་གཉིས་ཟབ་མོར་རྟག་འགྲུས་སྤོ་ར་བ་ངག་དབང་བསྟན་འཛིན་ཕུན་ཚོགས། རྗེ་ཉིད་ཀྱི་བརྩེ་བ་ཆེན་པོ་ནས་ལྷག་པར་སྐྱོང་ཞིང་རྣམ་དཔྱོད་བློ་གྲོས་གསལ་བ་ནམ་མཁའ་རིན་ཆེན། སྒོ་གསུམ་འདུན་པ་ཆིག་སྒྲིལ་གྱི་བླ་མ་དམ་པའི་ཞབས་ཏོག་ལ་གཅིག་ཏུ་འགྲུས་པ་འཇམ་དཔལ་རྒྱ་མཚོ་སོགས་རྗེ་ཉིད་ཀྱི་ཞབས་གྲས་བློ་གྲོས་དང་ལྡན་པ་དུ་མ་སྟེ། མདོར་ན་རྣམ་འདྲེན་དམ་པ་འདི་ཉིད་དང་བླ་སློབ་སོགས་འབྲེལ་བའི་སྐྱེས་ཆེན་དམ་པ་རྣམས་དང༌། གསུང་གི་གསང་བ་འཛིན་པའི་བསྟན་