[A:༢༧༧]འཇམ་དབྱངས་མཆོག་གྲུབ་འདི་ཁར་ཆེད་རྫོང་བྱས་པ་བཞིན་ལོ་དེའི་གྲོ་བཞིན་ཚེས་བཅུ་སྐོར་ལ་འབྱོར་ཉིན་རྒན་རབས་ཀྱིས་དྲན་མ་མྱོང་བའི་རི་ལྟས་ཤིན་ཏུ་ངན་པ་ཞིག་འདུག་པས་སེམས་བློང་བློང་པོའི་མུ་ནས་ཕུར་སྒྲུབ་གྲོལ་བསྟུན་བེག་ཙེའི་ཆོས་སྐོར་སྒྲིག་སྐབས་སུ་ད་ལྟའི་གནས་ཚུལ་ངན་པ་ཐོས་པས་འདི་ཡིན་མེད་པའི་གཟི་ཐོམ་མེ་བ་ཞིག་བྱུང་ཞིང༌། དེའི་སང་སྔ་བར་འཇམ་དབྱངས་མཆོག་གྲུབ་དང་ངོས་ཕྲད་བགྱིས་སྐབས་ཕྱག་མཛོད་འཇམ་དཔལ་གྱི་ཡི་གེ་དང་བཅས་སྐུ་གསུང་ཐུགས་རྟེན། ན་བཟའ་ཉེར་སྤྱད། ཟང་ཟིང་དངོས་པོ་རྒྱ་སྤོམ་མཐོ་བར་བསྟར་ཞིང༌། ཐུགས་དམ་གསལ་འདེབས་དང༌། ཡང་སྲིད་རིན་པོ་ཆེ་མྱུར་ཕེབ་ཀྱི་གསོལ་འདེབས། གཞན་ཡང་གང་སྤྱིའི་བསླབ་བྱ་དགོས་ཚུལ་འདུག་པ་བཞིན་རང་ངོས་ནས་གང་ཤེས་འཇམ་དབྱངས་མཆོག་གྲུབ་ལ་གླེང་ཞིང་ལན་འདེབས་ཀྱི་ཁོངས་སུའང་འཐུས་པ་དང་ཆབ་ཅིག་དགོངས་རྫོགས་ཞལ་འདེབས་ཀྱི་རིམ་པ་བསྐུར་ཞིང༌། དེ་འཕྲལ་ངེད་རང་ནས་དགུང་ཞག་སྒྲུབ་མཆོད་ཚུལ་དུ་མཁའ་སྤྱོད་མའི་དཀྱིལ་ཆོག་ཆག་མེད་དང༌། ངོ་མཚར་རྟེན་བཞིས་ཐོག་དྲངས་གཙུག་ལག་ཁང་རྣམས་སུ་འདི་ཁ་དང་རྗེ་དེ་ཉིད་ཀྱི་ཞབས་ཕྱི་རྣམས་ནས་བསྐུར་བའི་སྣ་ལྔའི་བརྒྱ་མཆོད། འདུས་སྡེར་མང་ཇ། ཚེས་བཅུ་དྲུག་ཚེས་མཆོད་ཉིན་ཆོས་སྡེ་ལྷོ་ནས་ཀུན་རིག་སྒྲུབ་མཆོད་དང༌། བྱང་ནས་མཁའ་སྤྱོད་མའི་སྒྲུབ་མཆོད། །འདར་གྲོང་དུ་དུས་རིམ་པ་རྣམས་འདི་ལོ་སྔ་བར་བོས་ཏེ་ཀྱེ་རྡོར་སྒྲུབ་མཆོད་ཞག་བདུན་བཅས་འཕྲལ་སྒྲུབ་བགྱིས་ཤིང༌། གཞན་ཡང་དབུས་ཕྱོགས་སུ་ཞབས་ཕྱི་རྣམས་ནས་དགོངས་རྫོགས་ཀྱི་རིམ་པ་ཇི་ལྟར་བགྱིས་པ་རྣམ་བསྡོམས་སུ་བཀོད་པ་ལ། པཎ་ཆེན་ཐམས་ཅད་མཁྱེན་