[A:༢༧༨]གཟིགས་ཆེན་པོ། ངེད་རང་དང་འདི་ཁའི་རྗེ་བཙུན་མ་རྣམས། རྒྱལ་ཚབ་རིན་པོ་ཆེ། རྡོ་རྗེ་བྲག་དང་སྨིན་གྲོལ་གླིང༌། ཀརྨ་པ་ཡབ་སྲས་སོགས་བླ་ཆེན་དང་སྤྲུལ་སྐུའི་རིགས་དུ་མ། ཆོས་སྡེ་ཁག་གི་བླ་མ་སློབ་དཔོན་མང་པོ། སྐྱབས་མགོན་དམ་པ་དེ་ཉིད་ནས་ཆོས་འབྲེལ་ཙམ་གསན་པས་མཐའ་བརྟེན་པའི་བླ་མ་ཞལ་བཞུགས་སོ་ཅོག་དང༌། ཞལ་སློབ་བགྲེས་སོང་མང་པོ། རི་ཁྲོད་ཀྱི་སྒོམ་ཆེན་པ་སོགས་ལ་ཐུགས་དམ་གསལ་འདེབས་རྟེན་ཕུལ་བ་དང༌། མང་སྐོལ་རྗེས་འབྲང་གི་བསྔོ་རྟེན་བཅས་པར་ལི་སྐུ་དང་གསེར་སྐུ། སྣ་ཚོགས་ངོ་བཅུ་བདུན། སྐུ་ཐང་ལེགས་ངེས་ལྔ། དྲིལ་བུ་ཐེག་ཆེན་དང་སྡེར་དྲིལ་བསྡོམས་བཅུ་དྲུག །བཀའ་གདམས་གདུང་རྟེན་བཅུ་གཉིས། ཕྱག་ཏིང་གྲས་ཏིང་ཤག་སྤུས་ལེགས་གསུམ། གསེར་སྲང་ལྔ་བཅས་དང༌། དེ་ཕྱིན་དངུལ་ཐོག་ཏུ་བསྡོམས་པ་དངུལ་སྲང་སྟོང་དང་ལྔ་བརྒྱ། སྲང་གསུམ། ཞོ་གང༌། སྐར་ལྔ། གོང་ས་རྡོ་རྗེ་འཆང་སྐལ་བཟང་རྒྱ་མཚོའི་མཆོད་སྡོང་ས་གསུམ་རྒྱན་གཅིག་དང༌། ལྷ་ས། བསམ་ཡས། ཁྲ་འབྲུག །ས་སྐྱ་སོགས་སུ་མཆོད་འབུལ་སྙན་ཤལ་སོང་བ་བསྡོམས་དངུལ་སྲང་ལྔ་བརྒྱ་དང་བརྒྱད་ཅུ། ཞོ་བརྒྱད། བཀྲ་ཤིས་ཆོས་སྡེ། འཕགས་སྡེ། ཤེའུ་གྲོང༌། རྨོར་དགོན་སོགས་སུ་དགུང་ཞག་ཞེ་དགུའི་བར་མང་ཇ་གཉིས་རེ་དང༌། སྐུ་ཚིགས་སོ་སོར་ཀྱེ་རྡོར་སོགས་ཆོ་ག་རིགས་མི་འདྲ་བ་དུ་མ་དང༌། སྐུ་ཚིགས་བདུན་པའི་ཐོག་ཏུ་སྒྲུབ་མཆོད་ཞག་བདུན་རེ། རབ་བྱུང་གྲྭ་ཚང་ནས་སྐུ་ཚིགས་བདུན་ལ་སྨན་བླ་ཚར་རེ། གྲོང་མོ་ཆེ། གོང་དཀར་ཆོས་སྡེ། ར་བ་སྨད། འཕྲེང་འོག་གཞི་པ། དྭགས་པོ་གྲྭ་ཚང༌། གདུང་ཕུད་ཆོས་འཁོར། ཚོང་འདུས་ཚོགས་པ་སོགས་