[A:༢༧༩]ཀྱིས་དཀྱིལ་འཁོར་སྒྲུབ་མཆོད་མང་པོ། དབུས་གཙང་གི་ས་དགོན་གཙོར་གྱུར་གྱི་དགོན་ཁག་ཤིན་ཏུ་མང་བར་མང་སྐོལ་ཉིན་འཁྱོངས་ནས་སྦྱོར་སྦྲེལ་བར་ཅི་རིགས། ཡར་འཕྱོང་ཁུལ་གྱི་དགོན་སྡེ་ཆེ་ཕྲ་ཕལ་ཆེ་བར་མང་སྐོལ་སྦྱོར་སྦྲེལ་ཚར་གཉིས། ཡར་ཀླུང་ཁུལ་གྱི་ཆོས་སྡེ་ཆེ་ཕྲ་ཕལ་མོ་ཆེར་སེར་ཚོགས་གནད་འགྲོའི་ཁྱད་ཆོས་སྡེ་སོ་སོར་བཏེག་པའི་མང་ཇ་ལྔ་དང་བཞེས་ཐུག་རེ། གསོལ་བ་ཡོན་སྤྱི་འབུལ་སོགས་གཟབས་རྒྱས། ལྷ་ལྡན་སྨོན་ལམ་ཆེན་མོ་དང་དཔལ་གསང་ཕུ་ནེའུ་ཐོག་ཏུ་མང་སྐོལ་སྣེ་གཞག་བཅས་སྒྲུབ་པའི་དགོས་ཆ་སྡོམ་དངུལ་སྲང་སྟོང་དང་བརྒྱད་བརྒྱ་བདུན། ཞོ་དགུ། སྐར་ཕྱེད་བརྒྱད་བཅས་བསྒྲུབས། དེ་ནས་བཀྲ་ཤིས་ཆོས་སྡེར་བོད་འབྲུག་ཆོས་རྗེས་གདུང་རུས་ཀྱི་ཆོ་ག་སྔོན་དུ་འགྲོ་བ་ཅན་གྱི་གདུང་ཚ་དྲི་མེད་ཀྱི་སྙིང་པོ་ཅན་དང༌། གཞན་ཡང་སངས་རྒྱས་བྱང་སེམས་རྩ་བ་གསུམ་གྱི་སྣང་བརྙན་ཕོན་ཆེ་སྤར་དུ་བཏབ། གྲོ་བཞིན་ཟླ་ནང་དེར་འདི་ནས་དབུས་སུ་དགོངས་རྫོགས་ཞལ་འདེབས་འབུལ་བ་དང་མང་སྐོལ་དོ་དམ་པར་བསོད་ནམས་དོན་ཆེན་ཆེད་མངགས་པ་འཁོར་གདོང་དུ། གདུང་རུས་ཐུམ་པོ་གཅིག་འདི་ཁར་ཕེབ་པ་བཞིན་ངེད་རང་ནས་སཱཙྪ་དྲི་མེད་ཀྱི་སྙིང་པོ་ཅན་སྟོང་དང༌། ཆོས་གྲྭ་བྱང་བསྙེན་སོང་ཁ་ཤས་ནས་རྩ་གསུམ་གྱི་སྣང་བརྙན་རིགས་མི་འདྲ་བ་ལྔ་བཅུ་བརྒལ་བའི་གདུང་ཚ་ཁྲི་ཕྲག་ལྷག་པ་ངེད་རང་ནས་རབ་གནས་བགྱིས་ཏེ་བཀྲ་ཤིས་ཆོས་སྡེར་ཆེད་རྫོང་དང༌། གསེར་དངུལ་སྤེལ་མའི་གདུང་ཁང་བྱང་ཆུབ་ཆེན་པོའི་མཆོད་རྟེན་རྒྱབ་མཐོ་བཅུ་དྲུག་པ་ཕྲ་ཕུལ་གྱིས་ཕྱུག་པ་དང༌། གསེར་ཟངས་ལས་གྲུབ་པའི་རྗེ་དེ་ཉིད་ཀྱི་འདྲ་སྐུ་སྐུ་ཚད་མ་གཉིས་རྒྱལ་ཚབ་རིན་པོ་ཆེར་གསོལ་བཏབ་བཞིན་ལྷ་ལྡན་འདོད་དཔལ་དུ་ཟླ་བ་བདུན་པའི་ཚེས་ཉེར་ལྔ་ནས་