[A:༢༨༠]བཟོ་གྲྭ་ཚུགས་པའི་འདོད་དཔལ་སྐུ་ཚབ་བློ་བཟང་དཔལ་འབར་གྱིས་འཛུགས་སྟོན་དང༌། ཀརྨ་ཤག །གེ་ར་ཡབ་ཡུམ་སྲས་བཅས་ནས་སྒང་སྟོན། ཆོས་སྡེ་བླ་བྲང་ནས་གྲོལ་སྟོན་སོགས་ཤིན་ཏུ་རྒྱས་པར་བསྒྲུབས་པའི་ཟླ་བ་བཅུ་གཉིས་པའི་ཚེས་དགུུ་ལ་ཆོས་སྡེར་གདན་དྲངས་ཤིང༌། མགོན་ཁང་སྟེང་དུ་ཐོག་འཕར་དང་སྒོ་འཕྱོར་གསར་རྒྱག་གི་ཨར་པོ་སོགས་དང་ཚོན་རྩི་ཨར་ཞལ་རྣམས་ལེགས་པར་བསྒྲུབས་ཏེ། དེར་སྐུ་རྟེན་འདྲ་སྐུ་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པ་ཁྲི་རྒྱབ་ན་བཟའ་ཉེར་སྤྱད་དང་བཅས་པ་དང༌། མཁན་ཆེན་གཞོན་ནུ་བློ་གྲོས། རྨོར་ཆེན་ཆོས་ཀྱི་རྒྱལ་པོ། སྐྱབས་མགོན་དམ་པ་དེ་ཉིད་བཅས་ཀྱིས་དགོངས་རྫོགས་སུ་སྲུང་འཁོར་བྲག་རྫོང་མའི་བླ་བརྒྱུད་ཆོས་སྡེ་རང་གི་ཚོགས་འདོན་དཀྱུས་བཞིན་ལ། མདོ་ཁམས་བླ་ཆེན་སངས་རྒྱས་རྒྱ་མཚོར་རྨོར་ཆེན་རྡོ་རྗེ་འཆང་ལས་གསན་བཞེས་མ་ཐུབ་པའི་ནག་པོ་ཆེན་པོའི་ཆོས་སྐོར་མཐའ་ཀླས་པ་གསན་གཤིས་ཞལ་སྐོང་གི་ཚུལ་དུ་བཞུགས་པའི་བརྒྱུད་པ་སུམ་ཅུ་སོ་ལྔའི་སྐུ་བརྙན་ལ་རྡོ་རྗེ་འཆང་མི་ཚད་ཙམ་དང༌། གཞན་རྣམས་བྱིས་པ་ལོ་བརྒྱད་ལས་ཅུང་ཆུང་ཙམ་སྨན་འདམ་ལས་གྲུབ་པ། འཇིམ་པ་དང་བཟོ། ལག་ཆ་བྱིན་རླབས་སོགས་ཀྱང་རུང་བར་བགྱིས་ཤིང༌། སྐུ་ཤ་ན་བཟའ་ཀུན་ལ་གྲང་གསེར་གྱི་བྱིབས་བྱུགས་ཀྱིས་གསེར་ཟངས་འདྲ་ཅོག་དང༌། གསུང་རྟེན་བསྟན་འགྱུར་རིན་པོ་ཆེ་སྡེ་དགེའི་སྤར་མ་ཤིན་ཏུ་སྤུས་གཙང་བ་བཟང་གོས་ཀྱི་གདོང་དར། ཀུན་དགའ་ར་བ་དང་བཅས་པ། ཐུགས་རྟེན་ལའང་ས་ཆོག་ནས་བཟུང་སྟེ་བུམ་གཏེར། བང་མཛོད་བཅའ་བ། དྲི་མེད་རྣམ་པ་གཉིས་ཀྱི་ཆོ་ག་དང་སྲོག་ཤིང་འཛུགས་ཆོག །སཱཙྪ་སྒྲུབ་ཆོག་སོགས་ནས་རབ་ཏུ་གནས་པའི་བར་རྣམས་བོད་