[A:༢༨༣]དངུལ་སྲང་བརྒྱ་དང་བཞི་བཅུ་ཞེ་ལྔ། རྒྱལ་ཚབ་རིན་པོ་ཆེ་སོགས་ལྷ་ལྡན་ཞབས་པད་ཆེན་པོར་ལེགས་འབུལ་ལ་དངུལ་སྲང་སུམ་བརྒྱ་དང་བཅོ་ལྔ་ཞོ་བཞི། བླ་བརྒྱུད་རྣམས་ཀྱི་ཞལ་གསེར་ན་བཟའ་དང་བཅས་པར་གྲངས་གསེར་ཐུར་སྲང་བཅུ་གཅིག་དང་ཞོ་བརྒྱད། བཞུགས་འབོལ་ལ་ཟངས་བཏུལ་མ་ཐུར་སྲང་བདུན། ཤིང་རྩི་སོགས་བསྡོམས་པར་མཚལ་སྲང་དགུ་བཅུ་གོ་ལྔ། གསེར་ཤོག་ཆེ་ཆུང་བསྡོམས་ཁྲི་བམ་གཅིག་དང༌། སྟོང་བམ་གསུམ། རྩི་ཚོན་དགོས་འཚམས་བཅས། ཡར་ཀླུང་དུ་གཟུངས་འབུལ་རབ་གནས་སྔ་རྟིང་གི་ཡོན་དང༌། དངུལ་བཟོ་པ། ཤིང་བཟོ་བ། རི་མོ་བ་བཅས་ཀྱི་ཡོན་སོགས་བསྡོམས་དངུལ་སྲང་ཉིས་བརྒྱ་བརྒྱད་ཅུ། ཞོ་དགུ། སྐར་ཕྱེད་བརྒྱད་དང༌། གཟུངས་འབུལ་སྐོར་གྱི་དགོས་ཆ་ཆེ་ཕྲ་རྨོར་དགོན་དང་ཆོས་སྡེ་སོགས་སུ་གཟུངས་འབུལ་རབ་གནས་བཟོ་བ་སོགས་ལ་ལྟོ་ཆས་ནར་མར་བཅས་སོང་ཞིང༌། ན་བཟའ་མཆོད་རྫས་སོགས་ལ་བཟང་གོས་སྣ་ཚོགས་ཁ་ཉིས་བརྒྱ་དང་དགུ་བཅུ་གོ་ལྔ། ལིང་ཡུག་བཅུ། བླ་བྲེ་བཞི། ཨ་ལ་ཅག་ཡུག་བཞི་བཅས་སོང་བ་དང༌། བཀྲ་ཤིས་ཆོས་སྡེའི་ལམ་འབྲས་ལྷ་ཁང་བརྒྱུད་པའི་ཁ་སྐོང་དུ་སྐུ་འདྲ་སྐུ་ཚད་མ། དབུ་ཞྭ། སྐུ་བེར། སྐུ་པང༌། རྡོར་དྲིལ་སོགས་ཉེར་སྤྱད་ཁྲི་རྒྱབ། བླ་བྲེ་དང་བཅས་པ། འཕགས་སྡེར་ཡང་གོང་མཚུངས་དང༌། རྨོར་དགོན་དུ་རྗེ་དེ་ཉིད་ཀྱི་སྐུ། མགོན་པོའི་བླ་བརྒྱུད་རྣམས་དང་ཞེ་མཚུངས་ཁྲི་རྒྱབ་ཡོལ་ན་བཟའ་དང་བཅས་པ། བསམ་གཏན་ཆོས་གླིང་དང་རབ་བརྟན་དགོན་གསར་གཉིས་སུ་རྨོར་ཆེན་རྡོ་རྗེ་འཆང་དང་སྐྱབས་མགོན་དེ་ཉིད་བཅས་ཀྱི་སྐུ་བརྙན་ཁྲུ་གང་ཙམ་ན་བཟའ་དང་བཅས་པ།