[A:༢༨༥]དངུལ་རྟ་རྨིག་མ་གཅིག །ཀརྨ་ཤག་ནས་རྒྱ་དངུལ་རྟ་རྨིག་མ་གཅིག་དང་ཊཾ་སྲང་ལྔ་བཅུ། སྡེ་པ་ཞལ་ངོ་ལྷན་རྒྱས་ཀྱིས་ན་བཟའ་ཕོན་ཆེ་བ། ཕྲ་རྒྱན་དུ་ཨ་སྒོར་གཡུ་ཧྲིལ་ཆེ་བ་ཆ། བཀྲ་ཤིས་མཐོང་སྨོན་ནས་ལྕམ་ཀུན་སྐྱིད་མས་ཐོད་རྒྱན་སྤུས་ལེགས་འཚོ་བཅས་ཆ་ཚང༌། སྤོར་བ་ཡབ་སྲས་ནས། གསེར་ཐུར་ཞོ་བདུན། དངུལ་སྲང་དྲུག །ཕྲ་རྒྱན་དུ་པད་འདབ་ཆེ་བ་ལེགས་པ་གཅིག །རིན་སྤུངས་པའི་པད་འདབ་ཏུ་གྲགས་པ་གཡུ་གྲུ་དཀར་དམར་ལས་གྲུབ་པའི་པད་འདབ་ཆུང་ངུ་སྤུས་ལེགས་གཅིག་བཅས་དང༌། གཞན་ཡང་བཀྲ་ཤིས་ཆོས་སྡེ། འཕགས་སྡེ། རྨོར། ཤེའུ་གྲོང༌། གདུང་ཕུད་ཆོས་འཁོར། བསམ་ཡས་རབ་བྱུང་གྲྭ་ཚང་པ་སོགས། ཆོས་སྡེ་ཁག་སྤྱི་སྒེར་དང༌། གཙང་དབུས་ཁམས་གསུམ་གྱི་བླ་དཔོན། གྲྭ་རིགས། སྦྱིན་བདག །ཞལ་སློབ། དད་ལྡན་དུ་མས་དགོངས་རྫོགས་མཆོད་འབུལ་དང་དངུལ་གདུང་སོགས་ཀྱི་ཐེབས་རྒྱ་ཆེར་ཕུལ་བ་རྣམས་དང་བཅས་རྣམ་དཀར་གྱི་བགྱི་བ་རླབས་པོ་ཆེ་དེ་དག་གྲུབ་པར་གྱུར་ཏོ། །དགེ་རྒྱུན་སྦྱོར་འཇགས་སྐོར་ལ་ལོ་བསྟར་སྐུ་མཆོད་ཆེན་མོའི་སྐབས་བཀྲ་ཤིས་ཆོས་སྡེར་ཀྱེ་རྡོར་སྒྲུབ་མཆོད་ཞག་བདུན། འདི་ནས་གྲོང་མོ་ཆེར་ཀྱེ་རྡོར་སྒྲུབ་མཆོད་དངོས་སྟ་བཅས་ཉིན་བཞི་གཏོང་རྒྱུར་དངུལ་སྲང་དྲུག་ཅུ་རེ་གསུམ་སྦྱར་བར། ཕྱག་མཛོད་འཇམ་དཔལ་གྱིས་བླ་བྲང་གསོལ་ཕོག་ཐོག་ནས་ནས་འདར་ཁལ་སུམ་བརྒྱ་དྲུག་ཅུ། བློ་གསལ་རབ་རྒྱས་ནས་དུས་ཆེན་ཉིན་མང་ཇ་རེ་གཏོང་ཐེབས་ནས་འདར་ཁལ་བཅུ། རྫོང་རི་དཔོན་སློབ་ནས་གསེར་སྦྱངས་ཞོ་བཞི་བྱུང་བ་གྲོང་ཆེན་པས་འབྲུར་བསྒྱུར་ཏེ་ཁལ་དྲུག་ཅུ་བཅས། དངུལ་འབྲུ་དེ་ཐོག་ནས་གོང་