R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༨༦
[A:༢༨༦]གི་སྒྲུབ་མཆོད་དེ་ཞག་བདུན། འཕགས་སྡེར་མཁའ་སྤྱོད་མའི་ཆོ་ག་ཉིན་འཁྱོངས། གཞན་ཡང་རྨོར་དགོན་བསམ་གཏན་ཆོས་གླིང༌། རབ་བརྟན་དགོན་གསར། ཤིང་མང་དགོན། གྲྭ་ཕུ་དགོན་གསར་བཅས་ལ་བླ་མཆོད་ཉིན་འཁྱོངས་རེ། དེ་ཐམས་ཅད་ལ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་དྲུག་ལ་བླ་མཆོད་ཚར་རེ། བསམ་ཡས་རབ་བྱུང་གྲྭ་ཚང་དུ་ལོ་བསྟར་སྐུ་མཆོད་ཉིན་བླ་མ་གསང་བ་འདུས་པའི་ཚེས་བཅུ་ཚར་རེ་གཏོང་རྒྱུ་བཅས་ཇི་སྲིད་བར་ཆད་མེད་འོང་བའི་ཐེབས་སུ་ཞིང་འབྲུ་དངུལ་རྣམས་ཡུལ་བབས་དང་བསྟུན་པར་སྦྱར་ཞིང༌། རབ་བྱུང་གྲྭ་ཚང་དུ་གུ་རུ་མཚན་བརྒྱད་ཀྱི་སྐུ་ཐང་གྲྭ་མཚུངས་དགུ་ཚར་གཅིག་གསར་བཞེངས་ཀྱི་སྦྱོར་འཇགས་བྱས་འདུག་གོ །ངེད་རང་ནས་གོང་དུ་བཤད་པ་ལྟར་དགུང་ཞག་ཞེ་དགུའི་བར་ལ་མཁའ་སྤྱོད་མའི་སིནྡྷཱུ་རའི་དཀྱིལ་འཁོར་སྒྲུབ་མཆོད་བགྱིས་སྐབས་བདག་བུམ་གྱི་སྔགས་བསྡོམས་ཨོཾ་གསུམ་མ་དྲུག་བརྒྱ་རེ་དང༌། རྗེ་དེ་ཉིད་ཀྱི་སྐུ་བསྟོད་ཤྭ་ལོ་ཀ་གཅིག་ཕྲེང་འཁོར། སྐུ་བསྟོད་རྒྱས་པ་དང་མཆོག་སྤྲུལ་མྱུར་ཕེབ་ཀྱི་གསོལ་འདེབས་ངེད་རང་ནས་བགྱིས་པ་དེ་ཚར་རེ་བཅས་བསྒྲུབས་ཤིང༌། ལྕགས་འབྲུག་འཇིགས་བྱེད་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་འཕྲོས་ལྕགས་སྦྲུལ་དཔྱིད་དབྱར་གྱི་ཁོངས་སུ་གྲུབ་པར་བགྱིད་སྐབས་ཀྱང་གསོལ་འདེབས་ཀྱི་རིམ་པ་གོང་ཇི་ལྟ་བ་བཞིན་དང༌། སྒྲུབ་མཆོད་ལ་སྐྱབས་འགྲོ། ཡིག་བརྒྱ། ཨུཥྞཱི་ཥ་རྣམས་ཉིས་སྟོང་ཆིག་བརྒྱ། བདག་བུམ་བསྡོམས་རྩ་སྔགས་ཆིག་འབུམ་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ། སྙིང་པོ་ཉེ་སྙིང་གཉིས་ཁྲི་རེ། འཁོར་རྣམས་ཀྱི་སྔགས་ཆིག་ཁྲི། འཇིགས་བྱེད་ཚོགས་བརྒྱ་བཅས་བགྱིས་ཤིང༌། སྐྱབས་མགོན་དེ་ཉིད་གཤེགས་པ་ནས་