R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༣
[A:༢༩༣]འཁྲུངས། །ང་དྲུག་ས་ཕག་གཤེགས་ཏེ་ང་ལྔ་པ། །ས་ཕོ་ཁྱི་ལ་ཡེ་ཤེས་འབྱུང་གནས་འཁྲུངས། །སོ་བདུན་ཤིང་ཁྱིར་གཤེགས་ཏེ་ཉེར་ལྔ་པ། །ཆུ་ཁྱིར་བླ་ཆེན་བཟང་པོ་དཔལ་པ་འཁྲུངས། །མགོན་དེ་དྲུག་ཅུ་རྩ་གསུམ་ཤིང་བྱིར་གཤེགས། །དེ་ལས་གདུང་རབས་མང་དུ་འཕེལ་བ་ལས། །བླ་བྲང་རིན་ཆེན་སྒང་པའི་གདུང་རབས་ནི། །བདག་ཉིད་ཆེན་པོ་ཞེ་དགུ་ལྕགས་ཁྱི་ལོ། །དོན་རྒྱལ་འཁྲུངས་ནས་སོ་བཞི་ཆུ་ལུག་གཤེགས། །ཕྱི་ལོ་ཤིང་སྤྲེལ་དེ་སྲས་ཀུན་རྒྱལ་འཁྲུངས། །དོན་ལྔ་ས་ཁྱིར་གཤེགས་ཏེ་ང་ལྔ་པ། །ས་སྟག་ནམ་རྒྱལ་འཁྲུངས་ཤིང་དོན་ལྔ་པ། །ཆུ་འབྲུག་གཤེགས་ཏེ་ཞེ་བདུན་ཤིང་བྱི་ལོར། །རྡོ་རྗེ་འཆང་དབང་བློ་གྲོས་རྒྱལ་མཚན་འཁྲུངས། །ང་གཉིས་ཤིང་ཡོས་གཤེགས་རྣམས་རིན་སྒང་གདུང༌། །དེ་ལས་ལྔས་གཞོན་ས་སྦྲུལ་རྡོ་རིང་པ། །ཆོས་ཀྱི་ཉི་མ་དོན་དྲུག་ཤིང་སྤྲེལ་གཤེགས། །དེ་ལས་ཉེར་བརྒྱད་ཀྱིས་གཞོན་སྒོ་རུམ་པ། །མེ་བྱར་འཁྲུངས་ཤིང་རེ་བརྒྱད་ཤིང་འབྲུག་གཤེགས། །དེ་ལས་བརྒྱད་ཀྱིས་གཞོན་པ་ཤིང་སྦྲུལ་ལོར། །ས་ལོ་འཁྲུངས་ཤིང་ཞེ་དགུ་ཆུ་སྦྲུལ་གཤེགས། །དེ་ལས་བཅུ་བདུན་གྱིས་གཞོན་ཚར་ཆེན་རྗེ། །ཆུ་ཁྱིར་འཁྲུངས་ཤིང་རེ་ལྔ་མེ་སྟག་གཤེགས། །དེ་ལས་བཅོ་ལྔས་གཞོན་པ་མེ་གླང་ལོར། །བསྟན་པའི་ཉི་མ་སྔགས་འཆང་ཆེན་པོ་འཁྲུངས། །རེ་བརྒྱད་ཤིང་སྤྲེལ་ལོར་གཤེགས་མགོན་དེ་ལས། །དྲུག་གིས་གཞོན་པ་ཀླུ་སྒྲུབ་ཆུ་ལུག་ལོ། །དོན་གཅིག་ཆུ་སྦྲུལ་ལོར་གཤེགས་རྗེ་དེ་ལས། །གཅིག་གིས་གཞོན་པ་མཁྱེན་བརྩེ་ཤིང་སྤྲེལ་ལོ། །ཞེ་ལྔ་ས་འབྲུག་ལ་གཤེགས་དེ་ཉིད་ལས། །གཉིས་ཀྱིས་གཞོན་པ་མེ་ཁྱི་བསླབ་