R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༢༩༤
[A:༢༩༤]གསུམ་པ། །ང་གཉིས་མེ་གླང་ལོར་གཤེགས་དེ་ཉིད་ལས། །གཅིག་གིས་གཞོན་པ་མེ་མོ་ཕག་གི་ལོར། །བོད་མཁར་ཡོལ་བ་རྟ་ར་ཆོས་རྗེ་གསུམ། །འཁྲུངས་ཤིང་བོད་མཁར་རེ་གཅིག་མེ་ཕག་གཤེགས། །ཡོལ་པ་དོན་གསུམ་ས་ཕག་ལོ་ལ་གཤེགས། །རྟ་ར་ཆོས་རྗེ་དོན་བདུན་ཆུ་ཡོས་ལོར། །གཤེགས་ཤིང་དེ་ལས་སོ་གཉིས་ཀྱིས་གཞོན་པ། །ས་ལུག་འཇམ་དབྱངས་བསོད་ནམས་དབང་པོ་དང༌། །དབང་ཕྱུག་རབ་བརྟན་འཁྲུངས་ཤིང་བསོད་ནམས་དབང༌། །རེ་གསུམ་ལྕགས་བྱར་གཤེགས་ཤིང་དབང་རབ་རྗེ། །དོན་བརྒྱད་མེ་ཕོ་བྱི་བའི་ལོ་ལ་གཤེགས། །དེ་ལས་ལོ་བཞིས་གཞོན་པ་སྔགས་འཆང་རྗེ། །གྲགས་བློ་ཆུ་ཕག་འཁྲུངས་ཤིང་ང་ལྔ་པ། །མེ་སྦྲུལ་ལོར་གཤེགས་དེ་ལས་དགུས་གཞོན་པ། །ངག་དབང་ཆོས་གྲགས་ཆུ་སྤྲེལ་བདུན་ཅུ་པ། །ལྕགས་སྦྲུལ་ལོར་གཤེགས་དེ་ལས་ཉེར་ལྔ་ཡིས། །གཞོན་པ་མེ་བྱ་འཇམ་མགོན་ཨ་མེས་ཞབས། །རེ་གསུམ་ས་ཕག་ལོར་གཤེགས་དེ་ཉིད་ལས། །ལོ་ལྔས་གཞོན་པ་ཆུ་སྟག་ཞྭ་ལུ་བ། །རིན་ཆེན་བསོད་ནམས་མཆོག་གྲུབ་བརྒྱད་ཅུའི་ལོ། །ལྕགས་བྱར་གཤེགས་ཤིང་དེ་ལས་ལོ་གཅིག་གིས། །གཞོན་པ་ཆུ་ཡོས་ཁྱབ་བདག་བཀའ་འགྱུར་བ། །ང་བདུན་ས་ཕག་ལོར་གཤེགས་རྗེ་དེ་ལས། །བཅུ་བཞིས་གཞོན་པ་གོང་ས་རྡོ་རྗེ་འཆང༌། །ལྔ་པ་མེ་སྦྲུལ་ལོར་འཁྲུངས་རེ་དྲུག་པ། །ཆུ་ཁྱིར་གཤེགས་ཤིང་དེ་ལས་ཉེར་གཅིག་གིས། །གཞོན་པ་འཇམ་དབྱངས་བསོད་ནམས་དབང་ཕྱུག་ནི། །ས་སྟག་འཁྲུངས་ཤིང་ཞེ་བརྒྱད་ཤིང་གླང་གཤེགས། །དེ་ལས་བརྒྱད་ཀྱིས་གཞོན་པ་སྒྲོ་ལུང་པ། །བསོད་ནམས་ཆོས་འཕེལ་མེ་ཁྱི་གྱ་གསུམ་ལོ། །ས་སྤྲེལ་