[A:༥༩]གནས་གསར་གྱི་དབོན་བཞུགས་ཆོག་པ་ཞིག་མེད་སྟབས། ཆོས་སྡེའི་གྲྭ་སློབ་བླ་ཞེན་ཅན་རྣམས་ནས་མགོན་འདིའི་ཡབ་རྒྱལ་པོ་ལ། ཁྱེད་རང་ལ་སྲས་འདྲ་ཡོད་ན་ཡེད་ཚོའི་བླ་མར་སྤྱན་འདྲེན་རྒྱུ་དང༌། དེ་མིན་ཁྱེད་རང་རབ་བྱུང་མཛད་ནས་ཆོས་སྡེའི་མཁན་པོ་མཛད་དགོས་གསོལ་ཞིང༌། དེ་སྐབས་སུ་གཞུང་ཞབས་རིན་པོ་ཆེ་ནས་གནས་གསར་བར་སྲས་ཆུང་ཞིག་ཡོད་འདྲའང་སྐུ་ན་ཕྲ་བའི་སྟབས་ཀྱིས་མཁན་འོས་སུ་མ་ཤར་ཞིང༌། དེ་བར་ལ་མཁན་པོའི་འོས་ཐོ་གྱིས་གསུངས་པར། ཆོས་སྡེ་ནས་གཞན་ཚེའི་བླ་མ་ནམ་མཁར་འཕུལ་འགྲོ་བ་ཞིག་ལས། གནས་གསར་བའི་སྲས་རྡོར་དྲིལ་འཛིན་ཤེས་ཙམ་ཞིག་ངེད་ཚོར་དགའ་བས། གནས་གསར་བ་རང་བླ་མར་ཞུས་ཆོག་པའི་སྙན་སྦྲོན་དང་བཅས་དབུ་ཚུགས་ཤིན་ཏུ་ཆེ་བར་མཛད་ཅིང༌། ཡབ་རྒྱལ་པོར་ཡང་ཁྱེད་ཀྱི་སྲས་དེ་གར་བཞུགས་ཞུས་པར་གཙང་གི་ཤོངས་ཕྱོགས་ན་ཡོད་ཚུལ་གསུངས་པས་རྩད་ཆོད་དེ། བཀྲ་ཤིས་ཆོས་སྡེར་ཆུང་ངུ་ནས་སྤྱན་དྲངས་པ་ཡིན་ཞེས་དངོས་སུ་གསུང་ལས་ཐོས་པ་བཞིན། གསང་ཆེན་སློབ་བཤད་ཀྱི་ཆོས་གྲྭ་ཆེན་པོར་བཀྲ་ཤིས་ཆོས་སྡེའི་གྲྭ་དམངས་བགྲེས་སོང་རྣམས་དང༌། ཞབས་དྲུང་ཡབ་ལ་སོགས་པ་བཀའ་བགྲོས་ཏེ། སྐྱབས་མགོན་དམ་པ་འདི་ཉིད་གདན་འདྲེན་པའི་སྒོ་དོད། བཀྲ་ཤིས་ཆོས་སྡེའི་གྲྭ་བགྲེས་མདོ་སྔགས་རྒྱ་མཚོ་དང༌། གེ་རའི་ཞབས་ཕྱི་དོན་ལྡན་གཉིས་ཀྱིས་གཙང་དུ་བསྐྱོད་དེ། ཞབས་དྲུང་གཞོན་ནུ་དབུས་སུ་གདན་འདྲེན་མཛད་རྒྱུའི་རྒྱུ་མཚན་ཞུས་ཤིང་ལམ་ཙམ་དུས་བསྒྲིགས་ཏེ་དབུས་སུ་ལོག །ཞབས་དྲུང་སྐུ་ན་ཕྲ་གཤིས་རེ་ཞིག་པར་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོར་མཁན་པོ་གནང་དགོས་ཚུལ་གྱི་ཞུ་བ་ནན་ཏན་མཛད་པ་བཞིན་ཞལ་གྱིས་བཞེས་ཏེ། ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་