R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༥༨
[A:༥༨]འཆང་གོས་དཀར་ཅན་ཤིན་ཏུ་བག་དྲོ་བ་ཞིག་གིས་བྱིན་རླབས་མཛད་པ་དྲན་ཏེ། སུ་ཡིན་མི་ཤེས་ཞེས་རྗེ་ཉིད་ཀྱིས་གསུངས། དགུང་ལོ་ལྔ་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ། །ཡུལ་དུ་འབྲུམ་ཡམས་ཤིག་བྱུང་བར་རིམ་གྱིས་མཆེད་ནས། ཡུམ་སྲས་གཉིས་ཀས་འབྲུམ་ནད་བཞེས་ཀྱང་ཤིན་ཏུ་ཡང་བས་ཡུན་མི་རིང་བར་དྭངས། ཡུལ་པའི་འབྲུམ་ཡམས་ཀྱང་ཆད་པས་ཞབས་དྲུང་ཆུང་ངུ་འདིས་འབྲུམ་ནད་བཞེས་པས་ཡུལ་པའི་འབྲུམ་ནད་ཆད་ཅེས་ཡུལ་དེའི་རྒན་རབས་རྣམས་ཀྱིས་སྨྲས་པར་གྲགས། གཞན་ཡང་དེ་ལྟའི་སྐབས་ཤིག་གཞོན་ནུ་འདིའི་སྐུའི་ཕྱལ་ཡུལ་མི་བདེ་བ་ཞིག་ཡོད་པར་ཡུམ་སོགས་ཀྱིས་དཔལ་ཆེན་བོས་ཏེ། དམ་ཅན་རྡོ་རྗེ་ལེགས་པ་ཁོག་ཞུགས་ཀྱི་ལུང་བསྟན་ཞུས་པར། གཞོན་ནུ་དེ་ངའི་གམ་དུ་ཁྲིད་ཤོག་ཟེར་བ་དང༌། དེ་བཞིན་མཛད་པས་སྐུ་ཕྱལ་མཚོན་གྱིས་དཔྲལ་བའི་རྨ་ཁ་ནས་བསྙུན་གཞི་ཐམས་ཅད་ཆོས་སྐྱོང་དེས་ཟ་བའི་ཚུལ་བྱས་ཏེ། དེ་ནས་སླར་ཡང་ན་ཟའ་བསྒྲོན་སྐབས་གསོལ་ཕྱུའི་ཐུ་སྣེ་ནང་མ་བལྟབས་ཚར་བ་དང༌། ཆོས་སྐྱོང་དེའི་ལག་པར་ཐལ་བ་བསྐུས་ནས་སྦར་རྗེས་ཤིན་ཏུ་གསལ་བ་ཞིག་སྐུ་ཕྱལ་གྱི་རྨ་ཐད་གསོལ་ཕྱུའི་སྟེང་དུ་བརྒྱབས། དེའི་ཕྱིར་ཐུ་སྣེ་ཕྱི་མ་བལྟབས་ཚར་བ་དང་སྐུ་རགས་བཅིངས་ཤིང་ལུང་བསྟན་མང་དུ་ཞུས་ཏེ། རྨའི་རྗེས་མི་མངོན་པ་ཞིག་བྱུང་ཞེས་ཁོ་བོ་ལ་ས་སྐྱར་བཀའ་ཆོས་གནང་སྐབས་གསུངས་པ་འདི་ནི་བསྟན་སྲུང་དམ་ཅན་རྒྱ་མཚོས་སྐུ་དང་གྲིབ་མ་བཞིན་འགྲོགས་ཏེ་དངོས་བརྒྱུད་ཀྱི་སྒོ་ནས་ཞབས་ཏོག་ཕྲིན་ལས་གང་དགོས་འཕྲལ་དུ་བསྒྲུབས་པའི་རྟགས་མཚན་ངོ་མཚར་ཅན་དུ་སྣང་ཞིང༌། ས་ཕོ་བྱི་བའི་ལོ་འཇམ་མགོན་ཀུན་དགའ་བསྟན་པའི་རྒྱལ་མཚན་ཞིང་ཁམས་གཞན་དུ་གཤེགས་པས་བཀྲ་ཤིས་ཆོས་སྡེའི་མཁན་པོ་