[A:༩༡]ཞིག་གནང༌། དེ་ནས་གནས་གསར་བ་ཆེན་པོར་ནི་གུའི་ཆོས་སྐོར་ཡོངས་རྫོགས་དང༌། དཀོན་མཆོག་སྤྱི་འདུས་ཀྱི་དབང་སོགས་རིམ་བཞིན་སྩལ། བཞུགས་རིང་གང་པོར་གསོལ་ཟས་སོགས་མཐུན་རྐྱེན་རྣམས་གྱ་ནོམ་པར་སྩལ་བས་རྗེས་སུའང་གསུང་ལས། ངའི་བླ་མ་རྨོར་ཆེན་རྡོ་རྗེ་འཆང་ཁམས་གསུམ་དབང་སྡུད་དེ་ཉིད་ཀྱི་ཞབས་དྲུང་དུ་འདུག་པ་ལས། སྒྲོ་ལུང་པ་ཆེན་པོ་སྒོམ་ཆེན་གྱི་བླ་མའི་དྲུང་དུ་འདུག་པ་བཟའ་བཏུང་མོད་པ་བྱུང་ཞེས་གསུངས། ནི་གུའི་བཀའ་ཁྲིད་རྣམས་སྩལ་པའི་སྐབས་ཉིན་ཅིག་བཞུགས་གཡབ་ན་ཉི་སྒྲིབ་ཀྱི་མཐར་རྡོ་བས་མནན་ནས་ལྗགས་ལུང་གསན་པའི་སྐབས་སུ་རླུང་དྲག་པོས་རྡོ་ལག་མགོ་ཙམ་ཞིག་དཔོན་སློབ་ཀྱི་སྐུ་མདུན་རང་དུ་ཤུགས་དྲག་གིས་ལྷུང་བྱུང་བར་ཆོས་ཞུ་བ་ཚང་མ་འཇིགས་ནས་གསུང་ཤོར། དཔོན་སློབ་ནི་དེ་མ་ཐག་སྐུ་དྲང་པོར་བསྲང༌། སྤྱན་བར་སྣང་དུ་ཧྲིག་གེར་གཟིགས་ནས། ཞལ་ནས་ཨ། སྒྱུ་མ་ཡིན། གསུངས་པ་དང་མཉམ་དུ་ཡུག་ཅིག་ལྟ་བ་ལ་འབྱམས་སོང་བས། ཆོས་ཞུ་བ་གཞན་ཚོའི་ཐུགས་ལ་ཅི་འཁྲུངས་ནི་མ་ཤེས། རྗེ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཁྱད་པར་ཅན་ཞིག་དེ་དུས་འཁྲུངས་པར་མངོན་ཏེ། རྗེའི་གསུང་ལས། ངེད་ནི་དེ་སྐབས་སུ་སྐུ་མདུན་དུ་ཆོས་གང་ཞུས་པ་ལས་དེ་དུས་བོགས་ཆེ་བར་བྱུང་གསུངས། ཐོན་ཕྱག་གི་སྐབས་སུ་གནས་གསར་རྗེའི་མགུལ་ལ་མེ་ལོང་གི་རྒྱབ་ལ་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཐུན་མོང་བའི་བསྲུང་བའི་སྐབས་ཀྱི་སྐུའི་རྣམ་འགྱུར་གྱི་རི་མོ་ཡོད་པ་ཞིག་གསོལ། ཕྱག་གཡས་ལྕགས་ཀྱི་རྡོ་རྗེ་ཕྱར་བའི་སྟངས་ཀ །གཡོན་