R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༠
[A:༤༠༠]མདོས་ཀྱི་དམོད་བཅོལ། པུ་ཏྲ་མིང་སྲིང་གི་དྲག་པོའི་གཏོར་ཆེན། གཏོར་བཟློག་དང་གང་ལ་སྦྱོར་རྒྱུའི་དམོད་བཅོལ་དང་དེ་གཤམ་གཡུལ་མདོས་དམོད་བཅོལ། ཆོས་རྒྱལ་སྐུ་ལྔ་དང་ཆེ་བཙན་ཡབ་རྐྱ་བདུན་གྱི་རྟེན་མདོས་གསལ་བྱེད། ཕུར་བཟློག་བཤད་པའི་མཚམས་སྦྱོར་དང་དེའི་དམོད་བཅོལ། ནག་པོ་ཆེན་པོའི་མན་ངག་དྲུག་ཅུ་པའི་ལྷན་ཐབས། ཡང་དེའི་ལྷན་ཐབས། དེའི་བཤད་པའི་མཚམས་སྦྱོར། དེའི་སྐབས་སུ་ཉེར་མཁོའི་སྔགས་དང༌། མཆོད་པ། བསྐུལ་རྣམས་ཕྱོགས་བསྒྲིགས། ལྷ་བརྒྱད་ཞལ་གཙོ་འཁོར་ཙི་དམར་མཆེད་བདུན་བཅས་ལ་བསྟོད་བསྐུལ་ལས་བཞིའི་དམིགས་པ་བཅས། ཙི་དམར་གནད་བསྐུལ། རྡོ་རྗེ་གཞོན་ནུའི་གཏོར་བཟློག་འབྲིང་པོ། །འཇིགས་བྱེད་དྲུག་ཅུ་པ་ངོར་ལུགས་ཀྱི་སྐབས་སུ་མཁོ་བའི་ཟིན་བྲིས། སྟོབས་འཕྲོག་ཞིང་སྐྱོང་དབང་པོའི་བསྙེན་སྒྲུབ་བྱ་ཚུལ། དེའི་དམིགས་པའི་ལྷན་ཐབས། དེའི་དམོད་བསྐུལ། གུར་ཞལ་གཏོར་བཟློག་གི་ཟུར་འདེབས། ཆོས་སྲུང་དམོད་བསྐུལ་བསྡུས་པ། གུར་ལྕམ་དྲལ་གསར་བསྐྲུན་ཕྲིན་འཆོལ། གུར་ཞལ་སོགས་ཀྱི་ཕྲིན་འཆོལ། འགོར་ཐུབ་པའི་རྒྱལ་ཚབ་དཔལ་ལྡན་ས་སྐྱ་ཞེས་ཡོད་པའི་ཕྲིན་འཆོལ། རྡོ་རྗེ་རབ་བརྟན་མའི་སྙན་ཤལ་ཕྲིན་འཆོལ། ཡང་དེར་བསྟོད་ཅིང་ཕྲིན་ལས་འཆོལ་བ། ཙ་ཏུ་རྨུ་ཁར་ཕྲིན་འཆོལ་ཀཱ་ལི་མཛེས་ཕྲེང༌། དབོན་ལྷ་རྒྱལ་ནས་བསྐུལ་ངོར་སྡེ་དགེའི་གདུང་རབས་མྱུར་འབྱོན་ཕྲིན་འཆོལ། ལྷ་བཙུན་ངག་དབང་ལྷུན་འགྲུབ་དར་རྒྱས་ཀྱིས་ཞུས་པའི་ཕྲིན་གསོལ། རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་ཕྲིན་འཆོལ་གཙོ་བསྡུས། དཀར་བདུད་ལྕམ་དྲལ་ཕུར་སྲུང་དང་བཅས་པའི་བསྟོད་པ། མ་ཧཱ་ཀཱ་ལར་བསྟོད་པ་བསྟན་སྲུང་དགྱེས་པའི་ལྷའི་རོལ་མོ། །གྲང་ཆེན་བེཀྩེར་བྲག་རྩ་རྗེའི་སྤྲུལ་སྐུ་མྱུར་འབྱོན་ཕྲིན་འཆོལ། མེ་སྟག་བསྟན་པ་སྤྱི་རིམ་གཏོར་བཟློག་སྐབས་ཀྱི་ཕྲིན་འཆོལ་