R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༩༩
[A:༣༩༩]ཉུང་ངུ་སྡེ་དགེ་བུ་སྒོས་ཞུས་པ། དུར་བདག་གཏོར་བསྔོ་གུར་ཞལ་རྡོ་རྗེ་རབ་བརྟན་མ་ཚེ་རིང་མ་བཅས་ཀྱི་གཏོར་བསྔོ། ཁུ་སྤེ་མཁན་སློབ་ཀྱིས་ཞུས་གཏོར་བསྔོ་ཉུང་ངུ། རྩེ་དྲུང་བསྐལ་བཟང་བསྟན་དར་གྱིས་ཞུས་གཏོར་བསྔོ་ཉུང་ངུ། ལྕགས་སྦྲུལ་སྤུ་ཧྲང་པ་དགོན་དྲུག་ཕྱོགས་བསྒྲིགས་སྐབས་ཞུས་ངོར་ཡང་གསང་བདག་བསྐྱེད་སྔོན་འགྲོའི་ཕྱག་བཞི་མ་ནིང་རྣམ་སྲས་བཅས་ཀྱི་གཏོར་བསྔོ་བསྐང་བ་ཕྱོགས་བསྒྲིགས། ཙི་དམར་གཏོར་བསྔོ་བསྡུས་པ། བསེ་ཁྲབ་པའི་གཏོར་བསྔོ། རྣམ་སྲས་གཏོར་བསྔོ། སྟོབས་འཕྲོག་དབང་པོའི་གཏོར་བསྔོ། ཡི་དམ་ཆོས་སྲུང་རྣམས་ཀྱི་གཏོར་བསྔོ་བསྐོང་བ་ཕྱོགས་བསྒྲིགས། དམར་པོ་སྐོར་གསུམ་གྱི་གཏོར་བསྔོ། ཚོགས་བདག་གཏོར་བསྔོ། གུར་གྱི་མགོན་པོའི་ཐུགས་དམ་བསྐང་བའི་རིམ་པ་རྒྱལ་དབང་རྗེར་ཕུལ་བ། ཚངས་པ་ཞི་དྲག་གི་གསོལ་མཆོད། རྟ་མགྲིན་དང་ཙི་དམར་ཟུར་འབྲེལ་མཆོད་ཕྲིན། ཙི་དམར་གཏོར་མའི་ལས་མཐའ་རྣམས་ཀྱང་རྒྱལ་བའི་དབང་པོར་ཕུལ་བ། ལེགས་ལྡན་མའི་སྐུ་ཕེབས་སྐབས་ཀྱི་དམ་བཞག་དང༌། མདུང་དམར་ཅན་ཕྱག་མཚན་བཞི་པའི་འབུར་སྐུ་གནང་སྐབས་དེའི་གཏོར་བསྔོ་བསྐང་བ། ལེགས་ལྡན་མ་ཞི་དྲག་མཆོད་ཚུལ། མཆོད་ཕྲེང༌། གཏོར་འབུལ་བསྡུས་པ། དེའི་ཕྲིན་ལས་རྣམས་གློ་བོ་རྒྱལ་བོར་གནང་བ། མགོན་པོ་ཆེ་ཆུང༌། ལྷ་མོ་ཟུང༌། ཡམ་ཤུད་དམར་པོ། །པུ་ཏྲ་མིང་སྲིང་རྣམས་ལ་བསྐང་ཐུང་གྲངས་གསོག་ཆེད་མཛད་པ། འོན་རྒྱལ་སྲས་རིན་པོ་ཆེའི་ངོར་མཛད་དམ་ཚིག་བསྐང་གསོའི་རེག་ཟིག །ནག་པོ་ཆེན་པོའི་བཟློག་མདོས་བྱ་ཚུལ། མགོན་མདོས་ཀྱི་ཤོམ་ཡིག །མདོས་ཐམས་ཅད་ཀྱི་དཀྲིས་བྱེད་ཚུལ། ཙ་ཏུ་རྨུ་ཁའི་གཏོར་མདོས་ཟུང་འབྲེལ་གཏོང་ཚུལ། པུ་ཏྲའི་ཟོར་