R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༡
[A:༤༠༡]ཆོས་སྐྱོང་གཙོ་བསྡུས་ཀྱི་ཕྲིན་འཆོལ། མཚན་ལྟས་ངན་པ་ཞི་ཕྱིར་གསལ་བྱེད་རྡོར་གླིང་དུ་མཛད་པའི་འཕྲིན་འཆོལ། གུར་ལྷ་བཅུ་གཉིས་མའི་མཆོད་གཏོར་ཕྲིན་འཆོལ་སྔགས་བཅས། བཀའ་བློན་ཐོན་ངོར་མཛད་པའི་རྒྱལ་ཆེན་རྣམ་ལྔ་སོགས་ལ་ཕྲིན་འཆོལ། གནམ་ཐེ་དཀར་པོར་ཕྲིན་ལས་བསྐུལ་ཚིག །ཙི་དམར་སྐུ་རྟེན་ཁྲི་སྨོན་པར་སྐུ་ཆས་ཕུལ་དུས་ཀྱི་ཕྲིན་བསྐུལ། རྒྱལ་ཆེན་རིགས་ལྔའི་ཕྲིན་གསོལ་ཤློ་ཀ་གཅིག །མེ་གླང་དབྱར་མཇལ་དུས་ཙི་དམར་ལ་ཐོད་བཅིངས་ཁྲབ་གདན་སོགས་ཕུལ་དུས་ཀྱི་ཕྲིན་གསོལ། དུས་མཆོད་དུ་པུ་ཏྲ་དམར་པོར་དྲུག་ལྡན་རྟེན་སོགས་ཕུལ་དུས་ཀྱི་ཕྲིན་འཆོལ། གུར་ལྕམ་དྲལ་གདོང་བཞི་པ་སོགས་ལ་རུ་མཚོན་འཛུགས་ཆོག་རྒྱས་པ། དེའི་རྣམ་གཞག་དབྱངས་རོལ་ཆོག་བསྒྲིགས། གུར་ལྷ་བརྒྱད་ཀྱི་རུ་མཚོན་འཛུགས་ཆོག །སྟོབས་འཕྲོག་དབང་པོར་རུ་མཚོན་འཛུགས་ཆོག །མེ་བྱ་ཁྲི་ཕེབས་སྐབས་སྐྱེད་ལྷས་སུ་ཐུག་ཆོག་གསལ་བྱེད། དེའི་མངའ་གསོལ། དམག་ཟོར་མའི་རུ་མཚོན་འཛུགས་ཆོག །མགོན་པོའི་གསང་བའི་ལས་མཁན་ལྔར་རུ་མཚོན་འཛུགས་ཆོག །གསང་བའི་ལས་མཁན་པུ་ཏྲ་ལྕམ་སྲིང་ལ་མངའ་གསོལ་གྱི་ཚིགས་བཅད་ཐུན་མོང་མ་ཡིན་པ། གནོད་སྦྱིན་དྲེགས་པ་ལྕམ་དྲལ་གྱི་ཐུག་ཆོག །ཙི་དམར་ལ་བརྟེན་པའི་རུ་མཚོན་འཛུགས་ཆོག །དེའི་མངའ་གསོལ། བསེ་ཁྲབ་པའི་རུ་མཚོན་འཛུགས་ཆོག །ཡམ་ཤུད་དམར་པོའི་ཕྱི་རྟེན་འཛུགས་ཆོག །འདོད་ཁམས་མའི་གསོལ་ཁ་དང་མངའ་གསོལ་བྱ་ཚུལ། དུར་བདག་དཀར་བདུད་ཕུར་སྲུང་བཅས་ཀྱི་མངའ་གསོལ། བེཀྩེ་ལྕམ་དྲལ་གྱི་མངའ་གསོལ། རྗེ་བཙུན་ས་སྐྱ་པའི་བླ་རི་དང་བླ་མཚོར་གནས་པའི་སྨན་རྒྱལ་གཉིས་ཀྱི་གསོལ་མཆོད། སྟག་འཚེར་གངས་མཆོད་གཏོང་ཚུལ། གནོད་སྦྱིན་རྣམ་གཉིས་མཆོད་ཆོག །བསམ་ཡས་