R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༢
[A:༤༠༢]དབུ་རྩེ་རིགས་གསུམ་གླིང་བཞི་གླིང་ཕྲན་ཇོ་མོ་གླིང་གསུམ་སོགས་ཀྱི་གནས་སྲུང་རྣམས་ལ་གསེར་སྐྱེམས་འབུལ་ཚིག །ཁྱུང་ལུང་ལྷ་མོའི་གསོལ་ཁ། སྲིད་ཞིའི་མགྲོན་ལ་གཏོར་འབུལ་བསྡུས་པ། སྨྱུག་ལ་ཁུ་སྦེ་ཆོས་སྡེའི་གཞི་བདག་ཐོག་རྒོད་བཀྲ་ཤིས་ཀྱི་གསོལ་ཁ། བསེ་ཁྲབ་པའི་གསོལ་མཆོད། ཡང་ཕུར་སྲུང་མར་མཆོད་གཏོར་འབུལ་ཚུལ། འགོ་བའི་ལྷ་ལྔ་དང་བརྟན་མ་བཅུ་གཉིས་མཆོད་ཚུལ། ཕོ་ལྷ་སྐྱ་སེར་གསོལ་མཆོད་སོགས་བསྐང་མདོས་ཕྲིན་འཆོལ་གཏོར་བཟློག་རུ་མཚོན་སྐོར་རྣམས་རགས་བསྡུས་སུ་བརྗོད་ཟིན་ནས།། །། ༈ དྲུག་པ་དྲི་ལན་སོགས་སྣ་ཚོགས་པའི་སྐོར་ནི། གནས་གསར་རྡོ་རྗེ་འཆང་ལ་འཇིགས་བྱེད་སྐོར་གྱི་དྲི་བ་ལན་བཅས། གཞན་ཡང་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས། ཞལ་དཀར་མཁན་པོ་ངག་དབང་ཤེས་རབ། ཞེ་དྲུང་སོགས་ལ་དྲི་བ་མཛད་ལན་བཅས་མང་དུ་མཆིས་ཤིང༌། ཐུབ་བསྟན་རྣམ་རྒྱལ་དཔལ་མགོན་ཞལ་ལ་བཅོལ་དམ་གཉེར་གཏད་ཀྱི་ཡི་གེ །ཆོས་སྲུང་ལ་གཉེར་གཏད་བཀའ་བསྒོ། རྗེ་བཙུན་ས་སྐྱ་པའི་གདུང་རབས་ལ་བརྟེན་པའི་བཀའ་བསྒོ། བཀའ་བསྒོའི་ཡི་གེ་སྤྱིར་བཏང་དམིགས་བསལ་བཅས། ཆ་ཞབས་ཁམས་དྲུང་བཅུ་དབོན་ཀླུང་རྟ་འཛུགས་ཡིག །བྲུལ་གཏོར་བཀའ་གདམས་ལུགས། ཆུ་གཏོར་གྲངས་གསོག་བྱེད་ཚུལ། ལན་གཏོར་གཏོང་ཚུལ། འབྱུང་བཞི་གཏོར་མ། རྣལ་འབྱོར་མའི་ཚོགས་མཆོད། ཡང་ཚོགས་མཆོད་བདུད་རྩི་འཁྱིལ་བ། བར་དོ་ངོ་སྤྲོད་ཀྱི་གདམས་ངག་རྒྱས་འབྲིང་བསྡུས་གསུམ། ཐེག་ཆེན་ལམ་གྱི་སྙིང་པོ། །ལོ་གླུད་ལག་ལེན་དང་བཅས་པ། རྣམ་སྲས་རིགས་ཆེན་བཅོ་ལྔའི་གཏོར་མའི་རྣམ་གཞག །ས་སྐྱ་བསྐོར་དཔོན་མ་ཎི་བར་ཉེ་མཁོའི་ཡི་གེ །མགོན་དཀར་དམག་ཟོར་བསང་མཆོད། རྔ་གཟུངས། ཁམས་ཨབ་ལ་སྐུ་སྐྱེར་འཇིགས་བྱེད་བྲིས་ཐང་རྒྱབ་ཡིག །གཉན་ཕུལ་བྱུང་བས་