R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༣
[A:༤༠༣]བཞེངས་པའི་ས་ཆེན་ཞལ་ཐང་ཕྱག་ནས་མ་འཛམ་གླིང་འོད་གསལ་གྱི་སྒོ་ཁྱིམ་སྐུ་བརྙན་གཟུངས་གཞུག་ལ་ཕུལ་སྐབས་དེ་ལོགས་ཀྱི་ཡི་གེའི་འདྲ་ཤུས། ཡིག་བསྐུར་རྣམ་གཞག །ལྕགས་བྱི་རྒྱལ་དབང་རིན་པོ་ཆེར་ཞབས་བརྟན་སྐབས་ཞལ་བཞེས་ཞུ་ཐོ། བསམ་ཡས་རབ་ཁྱུང་གྲྭ་ཚང་པར་ཕུར་འཚམས་སྐྱོན་འདོན་ཟིན་བྲིས། གདུང་ཆོས་སུ་ཆར་འབེབས་ཟིན་བྲིས། ཨ་དཀར་ཐང་སྒར་ཐོག་མཛད་པའི་ཁྲུས་གསོལ། ལྕགས་བྱི་ཙི་དམར་སྐུ་ཕེབས་སྐབས་དང༌། ཚལ་གུང་ཐང་དུ་དྲག་ཤུགས་དབང་པོ། །ཡང་དེར་བསེ་ཁྲབ་པ། རྒྱལ་པོ་ཤིང་བྱ་ཅན། དྭགས་གྲྭར་བསེ་ཁྲབ་པ། སྟག་ཁུ་ཆོས་སྐྱོང་རྣམས་ཕེབས་སྐབས་སྩལ་བའི་ཡི་གེ །ལྷ་ཁང་མཁན་ཆེན་ཆོས་བཀྲ་ཤིས་འཐོན་སྐབས་ཀྱི་བརྟགས་ཡིག །གནས་གསར་རྡོ་རྗེ་འཆང་ལ་དྲག་པོ་སྒྲོལ་དབང་སྩལ་སྐབས་ཐོལ་བྱུང་གི་ལྗགས་རྩོམ་ཡན་ལག་བདུན་པ། ཤི་གསོན་གདགས་ཡིག །རྩེ་གདོང་གཡག་རྭ་ལྔའི་རྟེན་བཤད། རོལ་འཆམས་སོགས་ཀྱི་སྐབས་ཀྱི་ཉེར་མཁོ། སྐུ་གསུང་ཐུགས་རྟེན་གྱི་འདོད་གསོལ། ཐུབ་དབང་འཇམ་དབྱངས་ཕྱག་རྡོར་བཅས་ཀྱི་འདོད་གསོལ། སྐྱེད་ལྷས་རྟག་གཏོར་གྱི་འདོད་གསོལ། ཡུམ་བསྐལ་བཟང་བདེ་སྐྱེད་བུ་ཁྲིད་མའི་དགོངས་རྫོགས་རྟེན་གྱི་འདོད་གསོལ། གང་དེའི་སྤུར་རུས་ལ་སངས་རྒྱས་ཀྱི་མཚན་འབུམ་བྲིས་སུ་བསྟར་བའི་འདོད་གསོལ། འབུམ་ཐང་དངུལ་གདུང་རིན་པོ་ཆེར་ཕུལ་བའི་འདོད་གསོལ། བླ་བྲང་ཤར་ཐར་རྩེ་རྡོ་རྗེ་འཆང་གི་སྨན་སྐུ་འདོད་གསོལ། བྲག་རྩེ་རྡོ་རྗེ་འཆང་གི་འདྲ་སྐུའི་འདོད་གསོལ། འགྲོ་མགོན་བསྟན་པ་སངས་རྒྱས་ཀྱི་ནང་རྟེན་དངུལ་གདུང་རིན་པོ་ཆེ་དང༌། གཟིམ་འོད་རྗེས་སྒྲུབ་འཇམ་དབྱངས་ཀྱི་འདོད་གསོལ། བསམ་བརླིང་སྨོན་བདེ་འཕེལ་ཆེན་ནས་ཞུས་པ་དང༌། སངས་