R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༤
[A:༤༠༤]རྒྱས་བཟང་པོའི་རྗེ་སྒྲུབ་རྡོར་སེམས་སྐུའི་འདོད་གསོལ། འཕགས་སྡེ་སློབ་དཔོན་གྱིས་ཞུས་འདོད་གསོལ་ལེ་ཚན། གློ་བོར་གནང་བའི་ལེགས་ལྡན་ཞི་དྲག་གི་སྐུའི་འདོད་གསོལ། །ཕུར་སྐུའི་འདོད་གསོལ། ཆོས་དྲགས་ཀྱི་སྐུའི་འདོད་གསོལ། འདར་པར་སྩལ་པའི་ཚར་ཆེན་རིན་པོ་ཆེའི་སྐུའི་འདོད་གསོལ། བདུད་འདུལ་མཆོད་རྟེན་ཉམས་གསོ་སྐབས་ཀྱི་འདོད་གསོལ། དགོངས་རྫོགས་མཆོད་འབུལ་ཐོག་ཡབ་རྗེ་ཐུབ་ཆེན་འཛམ་གླིང་གཡས་བཞག །སྔགས་འཆང་ཆེན་པོ། །ཆོས་སྲུང་རྣམས་བཅས་ལ་སྙན་ཤལ་གྱི་འདོད་གསོལ། སྤོས་སྐྱེད་རྟེན་གྱི་འདོད་གསོལ། བུམ་སྒྲུབ་སྐབས་ཀྱི་འདོད་གསོལ། སྦལ་གདོད་ཆོས་མཛད་ཞལ་གྱི་སྣང་བརྙན་འདོད་གསོལ། ཇི་སྲིད་ཞི་དགའ་ཚལ་དུ་དེ་མོ་རིན་པོ་ཆེའི་སྣང་བརྙན་འདོད་གསོལ། མདའ་དབོན་ཕུ་ལུང་པའི་ངོར་མཛད་རྒྱལ་ཆེན་ལྔའི་འདོད་གསོལ། ཙི་དམར་གསོལ་གོ་གསར་བསྐྲུན་སྐབས་འདོད་གསོལ། འོན་ཁྲི་སྨོན་ཆོས་སྐྱོང་སྙན་ཤལ་འདོད་གསོལ། སྤོས་དཀར་བླ་མས་དགོན་དེའི་བླ་མ་བཟང་པོའི་སྤྲུལ་སྐུ་མྱུར་འབྱོན་ཆེད་ཞུས་འདོད་གསོལ། ཡེར་པར་བཞུགས་པའི་ཀླུ་དབང་གི་སྐུའི་འདོད་གསོལ། འོན་རྒོད་ཚང་དུ་གནང་བའི་སྐུ་རྣམས་ཀྱི་འདོད་གསོལ། གདུང་ཆོས་མགོན་སྐུའི་འདོད་གསོལ། དཔལ་རབ་རྔ་ཆུང་དང་ཌཱ་རུའི་འདོད་གསོལ། པད་ཚལ་གྱིས་ཞུས་འདོད་གསོལ། གཟིམ་འོད་ནས་རྗེ་རྡོ་རྗེ་འཆང་ཉིད། ཚེ་དཔག །རྣལ་འབྱོར་མ། གུར་རྣམས་གསར་བསྐྲུན་གྱི་འདོད་གསོལ་དང༌། མཁའ་སྤྱོད་མའི་བྲིས་ཐང་འདོད་གསོལ་བཅས་ཏེ་དེ་རྣམས་ཀྱི་སྒོ་ནས་དཔྱད་གསུམ་རྣམ་པར་དག་པའི་བཀའ་རྩོམ་རྣམས་རགས་རིམ་ཙམ་སྨོས་ཟིན་ཅིང༌། ད་དུང་འདིར་མ་འཐུས་པ་པོད་ལོང་ཙམ་ཡོད་ཚོད་བཅས་ལྗགས་རྩོམ་གྱི་ཕྲེང་བ་ཚར་དུ་དངར་བ་རྗེ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་བསྟར་བར་མཛད་པ་འདི་དག་ནི། ཇི་སྐད་དུ། དགེ་སྦྱོང་ཕལ་ཆེར་ཐོས་པ་ཉུང༌། ཐོས་པ་དེ་