R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༥
[A:༤༠༥]དག་བརྩོན་པ་ཉུང༌། །སྡོམ་བརྩོན་ཕལ་ཆེར་བཀུར་བ་ཉུང༌། །བཀུར་བ་དེ་དག་སྡོམ་བརྩོན་ཉུང༌། །སྦྱིན་བདག་ཆོས་ལ་དད་པ་ཉུང༌། །དད་པ་ཅན་གྱི་མཆོད་བྱ་དམན། །མཆོད་པ་དེ་དག་ལོག་འཚོའི་རྒྱུ། །ཞེས་གསུངས་པ་ལྟར་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར་ཆོས་དོན་དུ་གཉེར་བ་སོགས་ཉུང་བ་དང༌། དོན་གཉེར་ཡོད་པ་རྣམས་ཀྱིས་ཀྱང་དམ་པ་གོང་མའི་གསུང་ཟབ་བརླིང་དང་ལྡན་པ་རྣམས་མྱུར་དུ་མི་རྟོགས་པས། དམ་པ་གོང་མའི་གསུང་ལ་གཞི་མཛད་དེ་ནག་འགྲོས་འབའ་ཞིག་ཏུ་བཀོད་པར་མཛད་པ་འདི་ནི་ཐུགས་རྗེ་དང་དགོས་པ་ཁྱད་པར་ཅན་དུ་འཁུམས་པས། རྗེས་འཇུག་རྣམས་སྤྲོ་དགའི་འཛུམ་སྒྲོས་བཞད་པའི་འོས་སུ་གྱུར་ལགས། དེ་དག་གི་དོན་བསྡུ་ན། བཅུ་ཕྲག་རིག་བྱེད་ཉེ་བའི་ཡོངས་འཛིན་ལས། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་འདོད་འཇོའི་དཔལ། །མང་ཐོས་རྣ་བ་བརྒྱད་པའི་བློ་གྲོས་སུ། །རིས་མེད་འཁྱིལ་བའི་གཏམ་འདི་སྲིད་ན་གསལ། །རྒྱུ་དེས་དོན་གཉེར་ལེགས་བྲིས་སྐལ་བཟང་ཅན། །སོ་སོའི་རིང་ལུགས་སྡེ་བཞིའི་གདོང་འབབ་དཔྱིད། །སྙིང་གི་བདུད་རྩིར་བཟུང་བའི་རྒྱུན་འདི་ཀོ །བསྲེགས་བཅད་བརྡར་བའི་གསེར་བཞིན་ངང་ཚུལ་བཟང༌། །བདེ་སྐྱིད་འབྱུང་གནས་བསྟན་འཛིན་རིན་ཆེན་སྙིང༌། །དབུས་གཙང་ཁམས་ཀྱི་ཡུལ་གྲུར་ཉེར་བཀྲམ་ནས། །རང་རང་འདོད་དོན་འབད་མེད་འཇོ་བའི་གསོས། །བསྐྲུན་འདིར་མི་དད་བློ་ལྡན་སུ་ཞིག་མཆིས། །དཔལ་མགུར་ལོངས་སྤྱོད་འཁོར་ལོའི་ལྡིང་ཁང་ན། །རང་འདྲའི་རྡོ་རྗེ་རྣོན་པོ་ཟློས་པའི་གར། །ཅིར་ཡང་བསྒྱུར་འདིས་ལེགས་བཤད་ཆར་བཞིན་ཉིལ། །སྐྱེ་དགུའི་ཚ་གདུང་སེལ་བའི་གྲོགས་ཀྱི་མཆོག །མ་རྟོགས་ལོག་རྟོག་ཐེ་ཚོམ་མདུད་པའི་རྒྱ། །འགྲོལ་བྱེད་དམ་པའི་ཞལ་ལུང་སོར་མོའི་འཕྲུལ། །མཐོང་གྲོལ་ནག་འགྲོས་བཀླགས་ཆོག་འདི་ན་ཧོ། །ཐུགས་ལ་བཟུང་ཞིང་སྐལ་ལྡན་རིགས་ཀྱི་བུ། །ཞེས་ཀྱང་