R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༠༩
[A:༤༠༩]ངོ་ཞབས་ཕྱི་རགས་བསྡུས་བཅས་ཁའུ་ཞེས་པ་པི་ཅིང་གི་སྐད་དུ་བཟང་པོ་ཞེས་པ་དང༌། སྤོ་ཁའུ་ཞེས་པ་ངན་པ་ཟེར་བའི་བརྡ་སྟེ་གོང་བཟང་པོའི་ཡུལ་གྲུར་བདུད་རྩི་སྨན་ཆབ་ལ་ཕེབས་ཏེ་དབྱུག་ཟླ་ནས་ལམ་འབྲས་ཀྱི་འཕྲོ་རྒྱུ་དབང༌། ཨཥྟའི་བཟླས་ལུང༌། རྒྱུད་གསུམ་དང་རྗེས་འབྲེལ་པོད་སེར་དམར། རྩ་རྒྱུད་བརྟག་གཉིས། བསྐྱེད་རིམ་རྣམ་བཤད། དེ་ལ་རྩོད་སྤང་ངོར་ཆེན་དང་ཀུན་མཁྱེན་གྱིས་མཛད་པ། ཡང་ཀུན་མཁྱེན་དང་ཨ་མེས་ཞབས་ཀྱིས་མཛད་པའི་བསྐྱེད་རིམ་རྣམ་བཤད་སོ་སོ་དང༌། བདུད་རྩི་རིལ་བུ་དང་རྡོར་དྲིལ། བགྲང་ཕྲེང་དགང་བླུགས་བུམ་པ་རྣམས་ཀྱི་བཤད་པ་ཚོ་གཉིས། ཀྱེ་རྡོར་མངོན་དཀྱིལ་རྣམས་ཨ་མེས་ཞབས་ཀྱིས་མཛད་པ། ཞར་བྱུང་དུ་རྡོ་རྗེ་ཕུར་པའི་མངོན་རྟོག་རྒྱས་པ་ཆོས་རྗེ་བླ་མ། བསྡུས་པ་ས་ལོ། དེའི་དཀྱིལ་ཆོག་ཨ་མེས་ཞབས། གུར་དྲག་ཕྲིན་གཞུང་རྒྱ་གར་ཤེས་བཟང༌། དབྱུག་གུ་མའི་རྒྱ་གཞུང་ཀླུ་སྒྲུབ་དང༌། བོད་གཞུང་ཨ་མེས་ཞབས་ཀྱིས་མཛད་སྐོར། གཏོར་མ་བརྒྱ་རྩ་སྔགས་འཆང་ཆེན་པོ། །འོད་དཔག་མེད་ཀྱི་ཉལ་འཕོ་ཨ་མེས་ཞབས། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེགས་ལོ། སྐུ་དང་གསུང་ཐུགས་མ། གཏུམ་ཆེན་མ། བདུད་རྩི་ལྔ་མཆོད། ནག་པོ་མཆོད་རྟེན། ཆོས་ཉིད་མ། བསྐང་གསར། ལྷ་མོ། ཞལ། པུ་ཏྲ། དཀར་བདུད་རྣམས་ཀྱི་སྒོས་བསྐང་རྒྱ་གར་བ། ས་ལོ་སོགས་ཀྱིས་མཛད་པ། དམག་ཟོར་མ། དུར་བདག །པུ་ཏྲ། དཀར་བདུད། ཙི་དམར། བསེ་ཁྲབ་པ་རྣམས་ཀྱི་བསྐང་བ་དང་འཕྲིན་འཆོལ། ས་སྐྱའི་རྗེ་བཙུན་མ་རྣམས་ཨ་མེས་ཞབས་དང༌། གདུང་རབས་མྱུར་འབྱོན་བསྐང་ཕྲིན་སྔགས་འཆང་ཀུན་དགའ་བཀྲ་ཤིས། རྒྱལ་གསོལ་ལོག་འདྲེན་ཚར་གཅོད་ཡབ་རྗེ་མཆོག་གི་གསུང༌། བསྟོད་པ་སྲིན་སྔོན་གང་གསུམ། མ་སྐྱེས་ཧཱུཾ་ཡིག་རྔམས་འབར་རབ་འབྱམས་སངས་རྒྱས་བསྟན་སྲུང་རྒྱས་བསྡུས་རྣམས་ཀྱི་སྡེ་