R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༨
[A:༤༢༨]ཞིག་ལ་རྗེ་ཉིད་ནས་ཟབ་ཆོས་གསན་ཚུལ། ད་ལྟ་གསན་མུ་བཅས་དེས་ན་རྣམ་འདྲེན་དམ་པ་ཉིད་ཀྱང་དབུ་བླར་ཕེབས་དགོས་ཚུལ་ཞིབ་རྒྱས་ཞུས་པར། ད་ལམ་ཆོས་འབྲེལ་ཞིག་ཕུལ་ཏེ་འགྱངས་མིན་ནས་ཕེབས་པའི་ཞལ་བཞེས་སྩལ། སང་ཉིན་བཀའ་ཆོས་སྩལ་རྒྱུའི་དོ་ནུབ་དེ་རྗེ་ཉིད་ཐུགས་སྤྲོ་དགའ་བདེ་སྟོང་གི་ངང་དུ་དུས་འདས་ཤིང༌། དེ་ནུབ་ཞབས་དྲུང་གི་མནལ་ལམ་དུ་ཡབ་རྗེ་བསོད་ནམས་རིན་ཆེན་དེ་ཉིད་ཀྱིས་ཞབས་དྲུང་ཉིད་ལ་སྦྱོར་ཁྲུས་རྒྱས་པ་ཞིག་སྩལ་བ་འཁྲུངས་པའི་སང་ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་གསུང་བཤད་ཤིན་ཏུ་རྒྱས་པ་དང་བཅས་གནང་བས། གང་གི་ཐུགས་རྗེའི་དང་རྗེ་ཉིད་ཀྱི་ཐུགས་དད་ཀྱིས་བྱིན་རླབས་འཕྲལ་དུ་ཞུགས་ཏེ་སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་དད་མོས་དང་བཅས་ཡོངས་རྫོགས་སྙན་བརྒྱུད་བསྟན་པ་རིན་པོ་ཆེའི་མངའ་བདག་ཏུ་གྱུར་པའི་རྟེན་འབྲེལ་གྱི་ས་རྒ་འབད་མེད་ལྷུན་གྲུབ་ཏུ་འགྲིག་པར་གྱུར་ཏོ། །གནས་དེར་ཁྲོམ་དབང་དང་འདུས་ཚོགས་སུ་འཇམ་དབྱངས་དམར་སེར་གྱི་རྗེས་གནང༌། གནས་གཟིགས་སྐབས་གནས་བཤད་ཀྱང་ཞབས་དྲུང་མཆོག་ནས་སྩལ་དུས་འདུ་ཁང་སྟེང་གི་ཚར་ཆེན་རྣམ་ཐར་ཀྱང་རིས་མའི་འདར་གདོང་འཁྲུགས་པའི་ཞིང་བཀོད་ཀྱི་ཐད་དུ། འདི་ཅི་འདྲ་ལགས་གསུངས་པས། འདིར་འདར་གདོང་འཁྲུགས་ནས་ཕན་ཚུན་འཐབ་ཚུན་འཆབ་མོ་བྱེད་ཅི་ཚར་ཆེན་རིན་པོ་ཆེས་མཆོད་གཡོག་ལ་ཐོག་ཁ་ནས་མི་རྐང་བུས་གསུངས་པ་དང་སེར་བ་བབས་ཤིང༌། མ་ཆེན་རྡོ་བཀྲས་ཀྱིས་ཚར་ཆེན་ལ་མཐུ་མཛད་དགོས་ཞུས་པས་ཞལ་གྱིས་མ་བཞེས་པར་ངོ་ནག་ཐུག་གེ་བསྡད་པ་སོགས་ཀྱི་ཞིང་བཀོད་ཡིན་འདུག་གསུང༌། དེ་སྐབས་ཐུགས་རྟོག་ཅི་ཡང་མ་འཁྲུངས་ཀྱང་རྗེས་སུ་གནས་ཚུལ་དེ་འདྲ་ངན་ཅན་གྱིས་ཞུས་པ་མིན་ནམ་སྙམ་པའི་དགོངས་པ་ཚོམ་དོགས་འཁྲུངས་ཀྱང༌། སྒོ་གང་ས་ནས་ཞིབ་འཇུག་མཛད་པས་ཅི་ཡང་ཚོམ་གཞི་མ་བྱུང་བས་ཐུགས་བག་ཕེབས། སྲི་གཅོད་འབུམ་པར་ཐབ་