R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༢༩
[A:༤༢༩]སྐྱེལ་སྐབས་དེ་སྐོར་ཚོང་དཔོན་དེ་ནེ་ཙོའི་ལོ་རྒྱུས་ཞིབ་པ་དང་མཆོད་རྟེན་ལ་བསྐོར་བ་མཛད་ནས་སྲིད་ལས་ཐར་ཚུལ། བྱས་ལྷ་ཁང་སྐོར་གྱི་རྟེན་བཤད་རྣམས་བཀའ་དྲིན་ཆེ་བ་སོགས་ལེགས་ལམ་མཆོག་ཏུ་དགེ་བའི་སྒོ་དང་པོ་དོད་པར་གྱུར་ཏོ། །དེ་ནས་རིམ་ཕེབས་ཀྱི་རྣམ་སྲས་མོན་མཁར་རིང་མོ་ནས། བྱེ་ཚོགས་སུ་པཎ་ཆེན་གྱི་རྫ་སྐུ་དང་ཁྱུང་པོའི་ཐུགས་རྟེན་སོགས་ལ་མཆོད་འབུལ་ཐུགས་སྨོན་ཁྲོམ་དབང་འདུས་ཚོགས་ལ་རྗེས་གནང་སོགས་སྩལ། ཆོས་སྐྱོང་ཆེན་པོས་བཀའ་བཞིན་ཕྲིན་ལས་སྒྲུབ་པའི་ཐ་ཚིག་ཀྱང་ཕུལ་ལོ།། །། ༈ དགུང་གྲངས་བཅུ་དྲུག་ཏུ་ཕེབས་པ་ཤིང་བྱེའི་རྒྱལ་པོ་ལོ་གསར་གྱི་ལྷ་བ་སངས་རྒྱས་པའང་དེར་མཛད་དེ་ཆིབས་བསྐྱོད་ཀྱིས་གྲ་ཐང་དུ་གུར་གྱི་མཆོད་གར་དང༌། པུ་ཏྲ་རུ་འདྲེན་བཅས་ཀྱི་འཆམས་གཟིགས་འབུལ། འདུས་ཚོགས་ལ་ཨ་ར་པ་ཙ་ནའི་རྗེས་གནང་ཚེ་དབང་གོང་མ་ལྔ་བསྟོད་ཀྱི་ལྗགས་ལུང་བྱིངས་ལ་ཁྲོམ་དབང་བྱམས་གླིང་གནས་གཟིགས་སོགས་མཛད་ནས། བདུན་ཕུན་ཆོས་འཁོར་དུའང་ཁྲོམ་དབང་དང་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་འགའ་ཞིག་ལ་མགོན་པོ་ཁྲོ་བཅུའི་རྗེས་གནང་སོགས་སྤྱི་སྒོས་ཀྱི་རེ་བ་རྣམས་བསྐངས་ཏེ། རིམ་གྱིས་རབ་སྨད་རྣམ་རབ་གོང་དཀར་རྡོ་རྗེ་གདན་དུ་འཇམ་དཀར་དམར་སེར་ཛམ་དམར་སྲོག་སྒྲུབ་ལྷ་བརྒྱད་རྗེས་གནང་རྣམས་དང་རྟ་ཟླའི་ཚེས་གཅིག་ལྷ་བསངས། དེ་ནས་ཡོབ་ལ་བརྒྱུད་གཟིམ་ཕུག་སྟག་ཁུ་སྤེ་སྐྱེད་ཚལ་འོག་སོགས་ཐམས་ཅད་དུ་ཁྲོམ་དབང༌། སྟག་ཁུ་སྤེར་འཇམ་དབྱངས་དང་འབྱུང་འདུལ། སྤོས་སྐྱེད་དུ་འཇམ་དབྱངས་དང་མི་གཡོ་བ་དཀར་པོའི་རྗེས་གནང་རྣམས་ཀྱིས་སོ་སོའི་བློ་ཁ་རྫོགས་པར་མཛད་དེ་གམ་ལ་བརྒྱུད་ཐར་གླིང་རྒྱལ་རྩེ་སོགས་སུ་རང་རང་གི་འདོར་སྦྱར་དང་བསྟུན་པའི་མཇལ་ཕྱག་དངོས་འབུལ་བརྟན་བཞུགས་སྤྱི་སྒེར་ནས་བསྟར་བ་རྣམས་ཟབ་བཞེས་དང༌། ཐར་གླིང་འདུས་ཚོགས་ལ་འཇམ་དབྱངས་དང་མི་གཡོ་བའི་རྗེས་གནང༌། སྐྱ་