R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༥
[A:༤༤༥]རྔ་གནང་མུར་ལྤགས་ལྡེབས་ལ་འོད་འཁྱུག་པ་ཉེ་གནས་དང་ཐུན་མོང་དུ་གཟིགས་ཤིང༌། དེ་སྐབས་མཁའ་འགྲོ་འདུ་བའི་དུས་ཀྱི་ཚེ་ཞིག་རྗེ་རྡོ་རྗེ་འཆང་ཉིད་ནས་དམ་ཅན་མོན་བུ་པུ་ཏྲའི་ཐུན་མོང་མ་ཡིན་པའི་གསང་རྟེན་གཉིས་གསར་བསྐྲུན་གྱིས། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་བླ་བྲང་གཞི་ཐོག་དབང་ཁང་མདར་བསྐང་ཕྲིན་ལ་ཐུགས་གཞོལ་བའི་སྒོ་ནས་སྲོད་ཆེན་ཐོག་གནང་བའི་ནུབ་མོ་འགག་པ་རབ་བརྟན་གྱི་རྨི་ལྟས་སུ། གཞི་ཐོག་རྩེའི་ཐོག་ཁའི་སྒོར་སྒོ་ལྕགས་བྱེད་རྒྱུ་ཡིན་བསམ་པ་ལ་མི་མགོ་རློན་པ་ཁྲག་འཛག་འགེལ་བཞིན་འདུག་པས་འཇིགས་སྣང་ཆེར་ཤར་བ་དང༌། སྒོ་རུམ་འཁོར་ཚོམས་སུ་ལྡིར་ཆོམ་དུ་མས་ཚིག་གསལ་བ་ལ་གཡའ་གཡའ་ཟེར་བ་ཐོས་པས་དོན་ཆེན་ཟེར་བ་དེ་བླ་མ་ལྷ་ཁང་མདར་ཉལ་མ་ནུས་པར་གཞན་དུ་བྲོས་པ་སོགས་ཀྱི་ཚུལ་འདིའང༌། སྔོན་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ལ་བསྟན་དགྲ་མ་རུངས་པས་འཚེ་བའི་སྐབས་ཤིག །བྱས་འགྱུར་རྡོ་རྗེའི་བྲག་རྫོང་ན་དཔོན་སློབ་འགས་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་སྒྲུབ་གནང་མུར་ཀྱེ་བོས་ཀྱི་བསྐུལ་ཚུགས་པ་དང་བསྟུན། ནུབ་ཕྱོགས་ཀྱི་ནམ་མཁར་མི་ནག་དུང་ལོང་ཅན་གཉིས་གྲོས་བྱེད་པའི་ཚུལ་གྱིས་ངེད་རང་ཚོ་ཐོག་མར་རིན་སྤུངས་ལ་ཕྱིན། དེ་ནས་ལྷ་ས་རྫོང་ལ་ཕྱིན་པ་དྲག་ཟེར་བ་ཞམ་འབྲིང་བ་གཉིས་ཀྱི་མངོན་སུམ་དུ་མཐོང་བ་དང་ཚུལ་མཚུངས་པས་ཞིང་བཅུ་ཚང་པའི་བསྟན་དགྲ་ཞིག་གི་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་འདྲེན་པར་མཛད་པ་ནི་གོར་མ་ཆག །དེ་ནས་དུམ་ཙམ་ཞིག་ནས་འཁར་རྔར་སོར་མོ་བསྣུན་པ་ལྟ་བུའི་སྒྲ་ཞིག་བྱུང་ནས་ལྡིར་ཆོམ་རྣམས་ཡར་འོང་སྟེ་དབུ་རྩེ་རྙིང་མའི་གསེར་ཕིབས་སྟེང་སོང་བ་འདྲ་མོ་ཞིག་བྱུང་བའི་སང་ཉིན་དབུ་རྩེའི་གསེར་ཕིབས་ཁར་ཡང་ཁྲག་