R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༤༩
[A:༤༤༩]པར་ཕེབས་ཏེ། །ཕྱི་ནང་གསང་བའི་འགལ་རྐྱེན་ཞི་ཕྱིར་ལྷ་ཁང་རྩེ་མགོན་ཁང་དུ་གསུང་བསྐང་ཉིན་གསུམ་མ་ཞིག་མཛད་རྗེས་འཆར་འཕར་གྱི་བསྟན་དོན་མཛད་སྒོ་རྣམས་རྗེ་བཙུན་གོང་མ་རྣམས་ཀྱི་ཐུགས་བསྐྱེད་ལས་མི་འགོང་བར་མཛད་དེ། དབྱུག་ཟླར་གུར་གྲྭ་བརྒྱད་ལ་རྟ་མགྲིན་ཡང་གསང་གི་དབང་དང༌། ལྷ་བརྒྱད། ཞལ། དུར་བདག །པུ་ཏྲ། བྲན་བདུད། དཀར་བདུད། ཁྲོ་བཅུ་རྣམས་ཀྱི་རྗེས་གནང་དང་ལུང་འགའ་ཞིག་བཅས་ལེགས་པར་སྩལ་ནས། མགོ་ཟླའི་ཉེར་དགུར་གཏོར་བཟློག་གྲུབ་འཕྲལ་དབུ་རྩེ་རྙིང་མར་བདུན་ཕྲག་གཅིག་བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་དང་མཐུན་པར་ཐུགས་སྒྲུབ་མཛད་དེ་མགོ་ཟླ་ཕྱི་མའི་ཡར་ཚེས་བརྒྱད་ལ་སྒོ་རུམ་གཟིམ་སྤྱིལ་དཀར་པོའི་མགྲོན་ཁང་སྟེང་འཛུགས་ཆོག་རྒྱས་པར་གནང་བའི་འགོ་གཟུངས་གཞུག་བཤམ་ཚུལ་ནས་མཇུག་འཛུགས་ཆོག་གི་བར་ཚང་མ། རྗེ་བཙུན་གོང་མའི་ཡིག་ཆ་གུང་བསྒྲིགས་ཀྱི་ཐོག་ཡང་དག་པའི་ལམ་ནས་འདྲེན་པར་མཛད་སྐབས་བསྟན་སྲུང་དགྱེས་པའི་མཚན་མའང་གསལ་བར་འཁྲུངས་ཤིང༌། བཅུ་དྲུག་ནས་བདུན་ཕྲག་གཅིག་ལྗགས་བསྙེན་སྔོན་འགྲོའི་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་མན་ངག་ལུགས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་མཛད་པའི་བར་རྣམས་སུ་བན་ཚང་པ་འགའ་ཞིག་ལ་ཞལ་དཀར་པོ་ཚེ་འཕེལ་དང༌། གང་གི་ཨ་ལྕེ་དྲུང་ལ་བཅུ་གཅིག་ཞལ་གྱི་རྗེས་གནང་དང་འབྲེལ་བར་རྗེ་ཉིད་ཀྱི་གསུང་རྩོམ་བསྙེན་ཡིག་གི་ལུང་དང་ངོར་པ་འགའ་ཞིག་ལ་སྒྲ་མི་སྙན་གྱི་ཚེ་དབང་རྣམས་གནང་མུའི་ཉེར་དྲུག་ནས་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེའི་གཞི་བསྙེན་ཟླ་དྲུག་གི་བར་དུ་བཀའ་དྲིན་ཆེ་སྐབས་ལྷག་པའི་ལྷའི་ཞལ་གཟིགས་པའི་རྟགས་འཁྲུངས་ཚུལ་གྱི་གསུང་ཡང་སྣང་བ་བཅས་འདི་ནི་རྗེ་རྡོ་རྗེ་འཆང་ནས་ཀྱེ་རྡོར་གཞི་བསྙེན་གཉིས་པའི་