R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༥༥
[A:༤༥༥]དམོད་བསྐུལ། དཀར་བདུད་ཕུར་སྲུང་གི་བསྟོད་པ། གནས་གསར་རྡོ་རྗེ་འཆང་གི་གསོལ་འདེབས་དང་ཞབས་བརྟན། རྗེ་རྡོ་རྗེ་འཆང་སྐུ་མཆེད་ཀྱི་ཞབས་བརྟན་ལེ་ཚན་ལྗགས་ལུང་རྣམས་དང༌། རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་གདམས་ངག་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་རྩ་བ་རྡོ་རྗེའི་ཚིག་རྐང་རྣལ་འབྱོར་དབང་ཕྱུག་བིརྺ་པས་ཤར་ཕྱོགས་ནག་པོ་པར་གདམས་པའི་མན་ངག་ཟབ་མོ་མཁའ་འགྲོའི་ཞལ་རླངས་འཐུལ་ལེ་བའི་ལྗགས་ལུང་སྩལ་བ་བཅས་ཞལ་སློབ་མཆོག་གི་ཐུགས་ཀྱི་བུམ་བཟང་རེ་བའི་བཅུད་ཀྱིས་གཏམས་པར་གྱུར་ཅིང༌། དེའི་ཟླ་མཇུག་ཞལ་གྱི་བསྙེན་མཚམས་སྔོན་འགྲོའི་གཏོར་བཟློག་ཟོར་འཛིན་མཛད་དུས་ཀྱང་དངོས་ཉམས་ཀྱི་མཚན་མ་བཟང་པོ་འཁྲུངས་ཤིང་དེ་ནས་ཉི་ཤར་བ་དང་ན་རིང་རྫོང་ཆུང་བ་བཅས་འགའ་ཞིག་ལ་ཀྱེ་རྡོར་དང༌། གསང་འདུས་འཇམ་རྡོར་གྱི་དབང༌། མཁའ་སྤྱོད་མའི་བྱིན་རླབས་ཁྲོ་བཅུ་ལྷ་བརྒྱད། དུར་བདག་རྗེས་གནང་རྣམས་དང༌། དཔལ་ལྡན་ཆོས་སྐྱོང་གི་དབོན་པོར་ཞལ་བསྙེན་དུས་དང་དམག་ཟོར་མའི་རྗེས་གནང༌། བརྒྱ་དཔོན། རབ་གླིང་བླ་མ་སོགས་ལ་ཡང་ཁྲོ་བཅུའི་རྗེས་གནང་དང༌། བྲག་རྫོང་ཕྱི་འཁྲིད་མཁྱེན་མཛད་ཀྱི་ལུང༌། མེས་སྲོང་བ་རྒན་གཞོན་ལ་ཀུ་རུ་ཀུལླེ་ལྷ་ལྔའི་དབང་དང་གཏོར་བསྔོ་ཆེན་མོའི་ལུང༌། ལྷ་བརྒྱད། ཞལ་པུ་ཏྲ། བྲན་བདུད། ཁྲོ་བཅུའི་རྗེས་གནང་སོགས་མང་དུ་སྩལ་བ་དང༌། ཞྭ་ལུ་བ་འགའ་ཞིག་ལའང་འདོད་ཆོས་རྒྱལ་ཆེར་སྩལ་ཞིང༌། མགོ་ཟླ་སྔོན་མའི་ནང་ཉི་ཤར་བླ་མར་འབྱུང་འདུལ་སེམས་དཔའ་སུམ་བརྩེགས། རི་ཁྲོད་མའི་བྱབས་ཁྲུས། ཁྲོ་བཅུ། བྲན་འདུད་ཀྱི་རྗེས་གནང་རྣམས་དང༌། གསང་འདུས་འཇམ་རྡོར་སྒྲུབ་དཀྱིལ་མཆོད་ཕྲེང༌། གཏོར་ཆོག་རྣམས་གོ་རམ་པ་དང༌། ཟུར་འདེབས་ལེ་ཚན་ཐར་རྩེ་པཎ་ཆེན་གྱིས་མཛད་