R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༧༣
[A:༤༧༣]གསུམ་སྤྱི་དབང༌། སྦྱོང་དཀྱིལ་བཅུ་གཉིས། གཤེད་དམར་ལྷ་ལྔ། དྲི་མེད་རྣམ་གཉིས། གུར་དྲག །ཨ་ར་པ་ཙ་ན་ལྷ་ལྔ། ཡང་དག །ཕུར་པའི་སྟོད་ལས། རྟ་མགྲིན་ཡང་གསང༌། ཀུ་རུ་ཀུལླེ་ལྷ་ལྔའི་དབང་རྣམས་ལ་འཇམ་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཀྱང་ཕེབས་ཤིང་དེ་དག་ལ་གཞན་ཡང༌། སྣར་ཐང་བརྒྱ་རྩ། ཇོ་ལུགས་དང་ཉི་སྦས་སྒྲོལ་མ། ས་པཎ་བླ་མའི་རྣལ་འབྱོར། གནས་བཅུ། སྨན་བླ། ཀླུ་དབང༌། འཇམ་དབྱངས་དམར་སེར། དཀར་པོ་ཤེས་རབ་འཁོར་ལོ། །སྨྲ་སེང་འཇམ་ནག །དབྱངས་ཅན་དཀར་དམར་དང་ཤེས་ཕྱིན་དཀར་མོ། །ནོར་རྒྱུན་མ། སོ་འབྲང༌། གཟའ་ཡུམ། གཙུག་འབར། འོད་ཟེར་ཅན་མ། འཇིགས་བྱེད་དཔའ་གཅིག །ཚེ་དཔག་མེད་དཀར་པོ། མི་གཡོ་བ་དཀར་སྔོན། བཅུ་གཅིག་ཞལ། དོན་ཞགས། སྒྲོལ་མ་དཀར་དམར། རྣམ་རྒྱལ། རྣམ་འཇོམས། འབྱུང་འདུལ་ལེ་ཚན། ཨུ་ཙ་རྱ། གཏུམ་ཁྱུང༌། གཉན་སྒྲོལ་དང་རྗེས་འབྲེལ་མཚན་བརྒྱའི་ལུང༌། རི་ཁྲོད་མ། རྟ་མགྲིན་སྐྱེར་སྒང༌། ནག་པོ་གྲུབ་རྒྱལ་ཇོ་ལུགས། སེང་གདོང་སྔོན་དམར། སྨེ་བརྩེགས་ལྗང་དུད་ཁྲོ་མོ་བཅས། ཕག་དཀར་རྡོ་རྗེ་ཤུགས། ཁྱུང་ཁྲ། སྣ་ཚོགས་ཡུམ། བདེ་མཆོག་ལྷན་སྐྱེས། ཛམ་སེར་ནག་དཀར། ཛམ་དམར་ལེ་ཚན། ཨ་པ་ར་ཙིཏྟ། བཀའ་གདམས་ལྷ་བཞི་རྣམས་ཀྱི་རྗེས་གནང་ལུང་བཅས་དང༌། གྲོ་བཞིན་ཕུར་སྒྲུབ་ཐོག་ཕུར་དབང་བཅས་ཏེ། དུས་གནས་ཐམས་ཅད་དུ་ཟང་ཟིང་དང་བྲལ་ཞིང་བསོད་ནམས་འཕེལ་བའི་རྒྱུར་འགྱུར་བ་ཆོས་སྦྱིན་འགའ་ཞིག་གི་དུས་འདའ་བར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནམ་ལངས་ཉི་ཤར་ལྟ་བུ་ཞིག་བྱུང་ན་ཅི་མ་རུང་དགོངས་པའི་ཐུགས་བསྐྱེད་གཞར་ཡང་མི་བསྐྱུད་པ་འདི་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་