R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༠
[A:༤༨༠]ཁང་ཆེན་མོར་ཟླ་མཇུག་དུས་གཏོར་མཛད་སྐབས་བླ་མ་དང་མགོན་པོ་དབྱེར་མེད་ནམ་མཁའི་ཁམས་ཁྱབ་པ་ཞིག་གཟིགས་ཤིང་རྗེས་སུ་བཟུང་བའི་བརྡ་ཡང་དག་པ་འཁྲུངས་པ་དང་ཆབས་གཅིག་སྙན་བརྒྱུད་ཀྱི་བསྟན་པ་དར་བའི་ཕྲིན་འཆོལ་གནད་སྨིན་དུ་བཀའ་དྲིན་ཆེ། འཇམ་མགོན་གནས་གསར་པ་ཆེན་པོ་རྗེ་ཉིད་ཀྱི་གསུང་རྩོམ་རྨོར་ཆེན་གྱི་གསོལ་འདེབས། གོང་ས་རིན་པོ་ཆེ་བློ་བཟང་བསྐལ་བཟང་རྒྱ་མཚོའི་ཞབས་བརྟན། དཀར་བདུད་བསྟོད་པ། ཙི་དམར་དྲག་བསྐུལ། ཞལ་གྱི་མངའ་གསོལ་རྣམས་ཀྱི་ལྗགས་ལུང་འབུལ་གནང་དང༌། རྐྱེན་སེལ་དུ་གྲུབ་ཐོབ་ཚེ་དབང་ཞིག་ཞུ་བར་མཛད་པ་ནི་དུས་འདིར་ཕན་ཚུན་བཀའ་འབྲེལ་གྱི་རྗེས་མར་ངེས་ཤིང༌། དེ་ནས་གོང་གི་གཏེར་སྟོན་ལ་ལུང་ཞུའི་གྲས་སུ་བསམ་ཡས་ཆོས་སྐྱོང་སྐུ་ཕེབས་མིན་གྱི་སྐོར་མཆིས་པ་བཞིན་དེ་ལྟའི་ཚིག་རིས་ཤིག་ལ། འདི་ལ་ལྷ་མི་གཉིས་ཀས་བསྐང་བཤགས་བྱ། །ཞེས་གསུངས་འདུག་པ་ལ། འཇམ་མགོན་གནས་གསར་བ་ཆེན་པོ་ནས་ལྷ་མི་ལ་བསྐང་བཤགས་ཇི་ལྟར་བྱེད་ཅེས་ཉམས་ལྡན་གྱི་གསུང་བཅས་བཞད། དེ་ནས་ཆོས་སྡེ་ནས་ཕེབས་ཉེར་ཕྱི་ནང་གསང་བའི་བཀའ་འདོམས་རྣམས་ཞིབ་རྒྱས་སུ་སྩལ་ནས་སྲི་གཅོད་འབུམ་པར་ཕེབས་སྐྱེལ་བཀའ་དྲིན་ཆེ་སྟེ་སྐུ་གསུང་ཐུགས་དགྱེས་པའི་རྣམ་རོལ་དུ་བཞུགས་ཤིང་ཁ་བཏགས་ཀྱིས་གཡབ་མོ་སོགས་མཛད་པ་ནི་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་དེ་ཉིད་དངོས་མཇལ་གྱི་མཐའ་མ་རང་ཡིན་ལགས། དེ་ནས་སྒར་པར་གྲུབ་ཐོབ་ཚེ་དབང་ཞིག་སྩལ་བ་དེའི་ཚེ་སྒེར་ཡུམ་འདས་པའི་ཞེ་དགུ་འཛིན་སྐབས་བཅས་གཤེགས་བཞུགས་ཚད་མར་བབས་འབྲེལ་ཡང་དག་དང༌། དེ་ནས་ཕེབས་སྐབས་ཐལ་རླུང་ཁོ་ན་དང་སྒེར་པའི་ཡབ་ལ་ཤངས་ཁྲག་བྱུང་བ་སོགས་འཚུབས་ཉམས་ཀྱང་ཤར་བ་ནི་སླར་འབྱུང་གི་མཚན་མ་དང༌། དེ་ནས་གཙང་ཆུང་གླིང་ཁ་དང་རྣམ་སྲས་གླིང༌། འབྲོང་ཞོལ་དང༌། བྱེ་ཚོགས་སུ་ཞག་