R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༡
[A:༤༨༡]བཞིར་རྗེ་རྡོ་རྗེ་འཆང་སྐུ་མཆེད་ནས་ཀྱེ་རྡོར་རྒྱུ་དབང་ཚར་གཉིས་རེ། སྨིན་གླིང་དུ་ཞག་གཉིས་དང་ཚེ་དཔག་ལྷ་དགུའི་དབང༌། གྲ་ཐང་དུ་ཞག་ལྔ་དང་ཁྲོམ་དབང་ཀྱེ་རྡོར་རྒྱུ་དབང་ཚར་གཉིས། འཇམ་དབྱངས་དམར་སེར་གྱི་རྗེས་གནང་དང་གོང་མ་ལྔ་བསྟོད་ཀྱི་ལྗགས་ལུང༌། འགར་ཚང་དང་བདུན་ཕུད་དུ་ཞག་ལྔ་གནས་དེར་ཀུན་རིག་གི་དབང་ཚར་བཞི་ཁྲོམ་དབང་བླ་མ་ཞི་ཁྲོ། སྒྲོལ་ལྗང༌། གུར་དྲག་སེང་གདོང་མ། རྣམ་འཇོམས་རྣམས་ཀྱི་རྗེས་གནང་དང་ཀུན་རིག་བསྙེན་ཐབས་སྦྱིན་སྲེག་བཅས་ཀྱི་ལྗགས་ལུང༌། འཕྲང་སྒོ་ཞི་བར་ཞག་གཉིས་དང་ཟུར་ཁང་ཞག་གཅིག་ལ་གཞན་ཕན་མཐའ་ཡས་བསྙེན་སྦྱིན། བིརྺ་པ་དང་གོང་མ་ལྔ་བསྟོད། ལམ་འབྲས་ཕྱག་མཆོད། མཎྜལ་སོ་བདུན་མ། གང་གི་མཆོད་རྫས་མ། ཐོས་རྒྱ་མ། བྱིན་རླབས་ཆར་འབེབས། བླ་མཆོད། དུས་འཁོར་མཎྜལ། གནས་གསར་རྗེའི་གསོལ་འདེབས་རྣམས་དང་ཁྲོམ་དབང༌། ཟུར་ཁང་པར་ལྕགས་སྡོང་མ་དང་རྣམ་སྲས་སེར་ཆེན་གྱི་རྗེས་གནང༌། དགའ་ལྡན་གླིང་རྒྱུན་བསྐང་བར་གཏོར་བསྔོ་ཕྲིན་ལས་མྱུར་མགྱོགས། བེཀྩེའི་གཏོར་བསྔོ་བསྡུས་པ། ཆོས་ཉིད་མ། སྔོན་ཚེ་མ། ལྷ་མཆོག་མ། དུར་ཁྲོད་གནས་བརྒྱད་མ། སྟོབས་ཆེན་ཤུགས་དྲག །བྱང་ཤར་དབང་ལྡན་ཁྲག་འཐུང་མ་རྣམས་ཀྱི་ལུང༌། རྡོར་བྲག་ཏུ་ཞག་གཅིག་དང་རིག་འཛིན་ཆེན་པོར་བླ་མ་ཞི་ཁྲོ། རྣམ་འཇོམས་བྱབ་ཁྲུས། བསམ་མྱུར་མའི་ལྗགས་ལུང་བཅས་དང༌། གྲྭ་ཚང་ལའང་གོང་བསྟོད་དང་བསམ་མྱུར་མའི་ལུང༌། རྨོར་དུ་ཁྲོམ་དབང་དང་གཞན་ཕན་མཐའ་ཡས་ཆ་གསུམ་བཅས་ཀྱི་ལྗགས་ལུང༌། ར་སྨད་དུ་ཀུན་རིག་དབང་ཚར་གསུམ་དང་རྟ་མགྲིན་སྐྱེར་སྒང་པའི་རྗེས་གནང་ཁྲོམ་དབང་བཅས། རྣམ་རབ་ཏུ་ཞག་གསུམ་དང་ཁྲོམ་དབང་ཚེ་དཔག་མེད་སྤྲུལ་