R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༢
[A:༤༨༢]སྐུ་རྗེས་གནང༌། ཚེ་མདོ་དང་གོང་ས་རིན་པོ་ཆེའི་ཞབས་བརྟན་ལུང༌། གོང་དཀར་རྡོ་རྗེ་གདན་དུ་སྨན་བླ། གནས་བཅུ། གཙུག་འབར། གཟའ་ཡུམ། སྨེ་དུད། ཚེ་དཔག་མེད་དཀར་པོ་རྣམས་ཀྱི་རྗེས་གནང་དང༌། སྒྲོལ་མའི་མཚན་བརྒྱ། སྒྲོལ་བསྟོད། ཡན་ལག་བདུན་པ། འདོད་གསོལ། ཤེས་སྙིང༌། གོང་སའི་ཞབས་བརྟན། ལན་གཏོར། ཕུར་བཟློག་ལྗགས་ལུང་རྣམས་གྲྭ་ཚང་ཡོངས་རྫོགས་ལ་སྩལ་ཞིང༌། གཞན་ཡང་བེཀྩེ་ལྕམ་སྲིང་གི་རྗེས་གནང་ཚར་འགའ་ཞིག །རྫོང་དཔོན་ལ་འཆི་མེད་དཔལ་སྟེར། ཁྲོམ་དབང་རྣམས་དང༌། སྟག་ཁུར་ཞག་གསུམ་དང་གཏོར་ཆོག་མཛེས་རྒྱན་བསེ་ཁྲབ་པའི་བསྐང་བ་ཁྲོམ་དབང་རྣམས་དང༌། ཡང་རྩེ་ལེགས་གླིང་པར་འཇམ་ནག་རྗེས་གནང༌། དེ་ནས་སྐྱེད་ཚལ་ཞག་བཞིར་རྣམ་རྒྱལ་དང་རྣམ་འཇོམས་རྗེས་གནང༌། སྤྲུལ་སྐུར་དཀར་པོ་ཚེ་འཕེལ་དང་དཔལ་དེའུ་ཨེམ་ཇི་བཅས་ལ་ཞང་བློན་རྗེས་གནང་ཁྲོམ་དབང་རྣམས། ཐར་གླིང་དུ་ཞག་ལྔར་ཕུར་དབང་ཆ་གཉིས། སྨན་བླའི་རྗེས་གནང་དང་མདོ་ཆོག་ལུང༌། ལྷ་བརྒྱད་རྗེས་གནང་ཚར་གཉིས། གསང་ཆོས་པར་བིརྺ་པ་དང་གོང་མ་ལྔ། ས་ལོ་སྔགས་འཆང་ཡབ་སྲས་གསུམ། ཨ་མེས་ཞབས་རྣམས་ཀྱི་སྐུ་བསྟོད་དང༌། ཕུར་ཆུང་གཏོར་བསྔོ་ནག་པོ་མཆོད་རྟེན་བསྐང་གསར་ལྷ་ཞལ་གྱི་སྒོས་བསྐང་རྣམས་ཀྱི་ལྗགས་ལུང་དང༌། དགའ་ལྡན་སྤྲུལ་སྐུར་འཇམ་ནག་རྗེས་གནང༌། གཞན་ཡང་ཁྲོམ་དབང་གྲུབ་རྒྱལ་མ་དང་བླ་མ་ཞི་ཁྲོ། འཇམ་མགོན་གཅུང་རིན་པོ་ཆེ་ནས་ཐར་གླིང་པར་ཀྱེ་རྡོར་རྒྱུ་དབང་ཚར་གཉིས་རྣམས་མཛད་རྗེས་རྡོ་ ར་དཀར་མོར་བཞུགས། དེ་ནས་འོམ་ཐང་གོང་དང་ར་ལུང༌། ཀླུ་མོ་གདོང་དང་སྡོད་ཐུབ། དཔེ་སྟོན་དང་ནས་ལུང་བདེ་སྐྱིད་འོད་འབར། རྒྱང་རོ་ཁང་དམར། རློག་དང་མདོ་ལྕང་མཁར་དུ་གླང་པ་གསེར་གླིང་པར་