R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༣
[A:༤༨༣]འབྱུང་འདུལ་རྗེས་གནང༌། མེས་སྲོང་པ། གླང་མཐོང་བ། བདེ་རྒྱས་པ་རྣམས་ཚང་མ་དང་གསེར་གླིང་བླ་མ་བཅས་ལ་ཚེ་དབང་ལྕགས་སྡོང་མ་དང་གནོད་སྦྱིན་རྣམ་གཉིས་ཀྱི་མཆོད་ཆོག་ལུང༌། དེ་ནས་གང་རོ་སྒང་མཁར་དུ་མེས་རྗེ་དང་གནས་ཆུང་བར་འཇམ་དབྱངས་དམར་སེར་རྗེས་གནང་དང་གནོད་སྦྱིན་དྲག་བསྐུལ་ལུང་བཅས། ཞང་ཆག་དང་དབང་ལྡན་ཕུ་ཤར། ལྷ་གཡང་ན་ཁ་དང་བར་ཚོར་རྣམ་འཇོམས་བྱབས་ཁྲུས་དང་བླ་མ་ཞི་ཁྲོ། དེ་ནས་རྐྱང་འདུར་ཞག་བཞི་ཀུན་རིག་གི་དབང་ཚར་གསུམ་ཁྲོམ་དབང་བཅས་དང༌། བར་ཚོ་བར་བདེ་མཆོག་ཡབ་བཀའ་ཡུམ་བཀའ་དུར་ཁྲོད་བདག་པོ་དང་ནོར་རྒྱུན་མའི་རྗེས་གནང༌། སྐྱིད་བདེ་སྦུག་པར་འཇམ་དབྱངས་དམར་སེར་རྗེས་གནང༌། དེ་ནས་ཨ་དྲུང་སྐྱེད་ཚལ་འོག་དང་པ་ནམ་ཀླུ་སྡིངས། པད་ཚལ་དུ་ལྕགས་སྡོང་ལྷ་མང༌། སྨེ་དུད། མི་གཡོ་བ་དཀར་པོ་རྣམས་དང༌། གནོད་སྦྱིན་རྣམས་གཉིས་མཆོད་ཆོག་ལུང༌། དེ་རྗེས་ཁྱུང་རམ༌། ཁྱུང་རྒྱབ། རྒྱན་གོང༌། ཞ་ལུ་རྣམས་དང༌། རི་ཕུག་ཏུ་ཆོས་ཁྲིར་ཚོགས་ཆེན་ལ་བུ་བསྟོད་ཕན་བདེའི་འབྱུང་གནས། བརྟན་བཞུགས་ཕྱོགས་ལས་རྣམ་རྒྱལ། དུས་གསུམ་སངས་རྒྱས། རྩ་བརྒྱུད་བླ་མ། དཔལ་ལྡན་བདེ་ཆེན་རྣམས་ཀྱི་ལྗགས་ལུང༌། དེ་ནས་ལྕགས་དང་ངོར་ཨེ་ཝཾ་ཆོས་ལྡན་དུ་ཁྲོམ་དབང་དང་ཚོགས་ཆེན་ལ་རྣམ་རྒྱལ་རྗེས་གནང༌། ཁང་གསར་ལ་གདོན་འགྲོལ། གླིང་ཁང་དུ་བླ་མ་ཞི་ཁྲོ། ཐར་རྩེར་ལྕགས་སྡོང་མ། ཁྲི་པ་སོགས་ལ་མཁའ་སྤྱོད་མའི་བྱིན་རླབས། ཀླུ་སྡིངས་སུ་འབྱུང་འདུལ་མེ་དབང་རྣམས་དང༌། འཇམ་མགོན་གཅུང་རིན་པོ་ཆེས་ཚོགས་ཆེན་ལ་འཇམ་དབྱངས་དམར་སེར་དང༌། ཐར་རྩེར་ཚེ་དཔག་མེད་དཀར་པོའི་རྗེས་གནང་ཞིག་སྩོལ་བར་མཛད་ཅིང༌། དེ་སྐབས་འགྲོ་མགོན་འཕགས་པ་རིན་པོ་