R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༨༧
[A:༤༨༧] དོན་ཞགས་ལྷ་ལྔ། སེང་སྒྲ་ངག་བསྲུང་འགྲོལ་བཅས། གཉན་སྒྲོལ་མཚན་བརྒྱ་བཅས། ངོ་ལུགས་དང་ཉི་སྦས་སྒྲོལ་མ། དབང་སྒྲོལ། སྒྲོལ་དཀར་རྗེས་གནང་དང་རྒྱ་གཞུང་སྒྲུབ་ཐབས་ལེ་ཚན་བུམ་ཆོག་གཏོར་ཆོག་སྒོམ་སྲུང་བྲིས་སྲུང་ལྟས་ངན་གཡང་ལེན་བྱད་འགྲོལ། གནས་དང་ཆོམ་རྐུན་སྲུང་བ་ལམ་སྲུང་རྣམས་དང༌། སྒྲུབ་ཐབས། རྗེས་གནང༌། སྦྱིན་སྲེག །ཚེ་ཁྲིད་རྣམས་ཀྱི་ལུང་དང༌། རྟ་མགྲིན་དབྱུག་ཐོ་ཅན། སྐྱེར་སྒང་ཟླ་རྒྱལ་ལུགས། དབྱངས་ཅན་དཀར་མོ། སྨེ་བརྩེགས། ཛམ་སེར་ནག་དཀར་གསུམ། དེའི་ཆུ་སྦྱིན་སོགས་ཡིག་རྙིང༌། གོས་སྔོན་ཅན། རྣམ་སྲས་རིགས་ཅན་བཅོ་ལྔ་དང་སྙན་གྲགས་སྒྲུབ། ཨ་པ་ར་ཙིཏྟ། སྒྲུབ་ཐབས་རྒྱ་མཚོ་དང་རྒྱ་གཞུང་གི་ལུང༌། ལས་གཤིན་བཅུ་གསུམ། སྣ་ཚོགས་ཡུམ། རྡོ་རྗེ་ཤུགས། ཁྱུང་ཁྲ། སེང་གདོང་ནག་མོ། རིག་བྱེད་མའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གསང་སྒྲུབ་བྱིན་རླབས་ལུང་བཅས། ཚོགས་བདག་དམར་ཆེན། ཆགས་རྡོར་ཕྱག་བཞི་པ། འདོད་རྒྱལ། དམར་ཆུང་སྐོར་གསུམ། ཛམ་དམར་དང་དེའི་ཡིག་རྙིང་སྒྲུབ་སྐོར་ལུང༌། ཞལ་བསྙེན་དུས། དུར་བདག་དམག་ཟོར། ཚེ་རིང་མཆེད་ལྔ་རྣམས་ཀྱི་རྗེས་གནང་ལུང་བཅས་དང་རིགས་གསུམ་སྤྱི། ཚེ་དཔག་མེད་ལྷ་དགུ། འཆི་མེད་རྔ་སྒྲ། མི་འཁྲུགས་པ་རྣམས་དང་སྦྱོང་དཀྱིལ་བཅུ་གཉིས། ཕུར་པའི་སྟོད་ལས་རྣམས་ཀྱི་དབང་དང༌། སྨད་ལས་རྗེས་གནང༌། དྲག་དམར་ཉང་ལུགས་དབང་དང་ཕྲིན་གཞུང་བརྒྱུད་འདེབས་ལས་མཐའ་གསལ་བྱེད་རྣམས་ཀྱི་ལུང་དང༌། བདེ་མཆོག་ལྷན་སྐྱེས་བྱིན་རླབས་དང་དཔྱལ་ཨ་མོ་གྷ་སངས་རྒྱས་རིན་ཆེན་བཅས་ཀྱི་ཁྲིད་ཡིག་ལུང༌། ཕག་དཀར། དཔྱལ་ལུགས་ཕག་མོ་སྐོར་གསུམ། ནཱ་རོ་མཁའ་སྤྱོད།