R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༩
[A:༤༩༩]འཇགས་ཀྱིས་ཕྱག་ནས་གྲངས་གསོག་དང་སྦྲགས་སྐུ་གཤེགས་ཀྱི་ཞལ་ཆེམས་བཞིན་དྲི་མེད་རྣམ་གཉིས་མི་འཁྲུགས་ལྷ་དགུ་རྣམས་རྡུལ་དཀྱིལ་ཐོག་ནས་ཅི་རིགས་དང༌། ཕྱི་དྲོའི་ཚེ་མགོན་ཁང་དུ་སླད་ཀྱི་ཕྲིན་འཆོལ་སོགས་ལ་ཐུགས་བརྩོན་མཛད། དེ་ནས་རྗེ་རྡོ་རྗེ་འཆང་གི་ཐུགས་དགོངས་ལ་སྐུ་གཤེགས་དེའི་ཞེ་དགུ་ཟླ་མཆོད་སོགས་ལ་དགེ་བ་རྒྱ་ཆེར་ནི་མཛད་ཟིན། ལོ་མཆོད་ཀུན་རིག་ནི་བཙུགས། གཞན་དགེ་རྒྱུན་རང་མ་བྱུང་ཡང་ཆོག །ད་ཀོ་གདན་ས་མཛེས་རྒྱན་དངུལ་གདུང་ཁྱད་འཕགས་ཤིག་བྱུང་ན་སྐུ་གཤེགས་ཀྱི་དགོངས་པ་རྫོགས་ཐབས་ཀྱང་དེ་བས་ལྷག་པ་མེད་པ་དང༌། ཁྱད་པར་གདན་ས་ཆེན་པོ་འདི་ལ་ཞབས་ཏོག་ཏུ་དགོངས་ཏེ་ཐོག་མར་དུས་མཆོད་གཙུག་ལག་ཁང་བཀོད་ལེགས་མཛད་རྗེས་དེར་བཞུགས་ཡུལ་བགྱིད་འཁྲུངས་པར་སྐུ་དོགས་ཆེ་སྐབས་ཤིག་གསོ་མི་རུང་བའི་རྒྱུ་མཚན་སོགས་སྙན་སྒྲོན་བཞིན་ལྷ་མཐིལ་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་སྐུ་གསུང་གི་རྟེན་ཁྱད་མཚར་བཞུགས་ཀྱང་ཐུགས་རྟེན་ཁྱད་འཐོན་མ་བཞུགས་པར་དགོངས། མཆོད་སྡོང་འཛམ་གླིང་འོད་གསལ་འདི་ཉིད་བཞེང་རྒྱུའི་ཐིག་རྩ་ཐར་རྩེ་པཎ་ཆེན་གསུང་ལ་སངས་རྒྱས་ཕུན་ཚོགས་ཀྱིས་མཆན་གནང་བཞིན་མཛད་རྗེས་བྱང་ཆུབ་མཆོད་རྟེན་གྱི་ཤིང་བཀོད་སོགས་བཀའ་ཡིས་འདོམས་རྗེས། དབྱུག་ཟླའི་ནང་ཆོས་གྲ་ལྷོ་བྱང་པ། ཡུལ་ཆེན་པ། ཉི་ཤར་པ། ཆོས་ལྷུན་པ་སོགས་བརྒྱ་སྐོར་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་བསྡུས་ཙམ་ཞིག་མཛད་པ་ནི་འདི་ཉིད་འཆད་ཐང་གསུམ་པའི་སྐབས་སོ། །འདི་ལོ་མཐོང་བ་དོན་ཡོད་ཉམས་གསོ་གསར་བསྐྲུན་ལྟ་བུའི་གཙུག་ལག་ཁང་སྟེང་མ་གསར་བཞེངས་ཀྱིས་ཕེབས་འགྲུལ་སྐབས་ཕྱག་འབྱོར་གྱི་སྐུ་རྟེན་རྣམས་བཞུགས་སུ་གསོལ། དེ་མཚམས་ནས་འཛམ་གླིང་ན་བློ་ལྡན་གཟུར་གནས་ཀུན་གྱི་བསྔགས་