[A:༥༠༣]པ་ཡང་རྒྱལ་ཁམས་སྤྱི་བྱེ་བྲག་གི་འབྱོར་པ་འཕེལ་ཞིང༌། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་སྲིད་པ་ཇི་སྲིད་བར་བཞུགས་པ་དེ་སྲིད་དུ་མངའ་ཐང་ནམ་མཁའ་མཛོད་ལ་དབང་འབྱོར་འབྱུང་བའི་ཐུགས་བསྐྱེད་བླ་ན་མེད་པས་རྩིས་ཟིན་པར་གནང་བ་ནི། དེ་དུས་སུ་མ་ཟད་རྣམ་པ་ཀུན་ཏུ་མཛད་པས་འབྲས་བུའང་མངོན་གྱུར་གྱིས་རྗེ་ཉིད་ཀྱི་སྐུ་ཐོག་ལ་སྔ་རབས་ཀྱང་གདན་ས་ཆེན་པོར་ལུགས་གཉིས་ཀྱི་དཔལ་འབྱོར་རྗེ་རྒྱས་ཡར་ངོའི་ཟླ་བའི་རྗེས་སུ་འགྲོ་བ་དེ་ལྟར་ལགས་སོ། །དེ་སྟེང་པད་གཟུངས་གཡས་སུ་གུར་ལྕམ་དྲལ་ཞལ་རྣམས་ཀྱི་སྔགས་རིང་ཐུང་མགོན་པོ་བདུན་ཅུ། མཆོག་ཐོབ། ལས་སྒྲུབ། དོན་འགྲུབ་ཀྱི་སྔགས་རྣམས་སུམ་བརྒྱ་བཅུ་གཅིག །གུར། ཞལ། ནོར་སྐྱོང་དཀར་བདུད་ཀྱི་སྐུ་རྣམས་བསྡོམས་བརྒྱ་ཞེ་གཅིག །དེ་དག་གི་རྗེས་གནང་གསན་དུས་ཀྱི་ནས་ནག །གཡོན་དུ་རྣམ་སྲས། ནོར་བུ་བཟང་པོ། །གནོད་སྦྱིན་ཕོ་དགུ་མོ་དགུ། ཚོགས་བདག་ཉེ་སྙིང༌། སྙིང་པོ། མིང་སྙིང༌། ཚངས་པ། བརྒྱ་བྱིན། དབང་ཕྱུག །ཁྱབ་འཇུག །ལྷ་མོ་བརྒྱད། མཆོད་སྤྲིན་རྣམས་ཀྱི་སྔགས་གྲངས་གོང་འདྲ། རྣམ་སྲས་ཛམ་སེར་གྱི་སྐུ་རྣམས་བསྡོམས་ལྔ་བརྒྱ་སུམ་ཅུ། དབུས་སུ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཕྱིན་དྲུག་སྨོན་ལམ་སོགས་གྲངས་གོང་འདྲ། ཚོགས་བདག་འདོད་རྒྱལ་ཀྱི་སྐུ་རྣམས་བསྡོམས་ང་བརྒྱད་སྟེང་མཚམས་དང༌། དེ་དབུས་གོང་གི་སཱཙྪ་འབུམ་བརྒལ་ཙམ། སྐུ་གཤེགས་ཀྱི་རྒྱུན་ཚ་དགུ་སྟོང་བཞི་བརྒྱ་རེ་བརྒྱད། རྗེ་རྡོ་རྗེ་འཆང་ཉིད་ཀྱི་རྒྱུན་ཚ་ཉི་ཁྲི་སུམ་སྟོང་བརྒྱད་བརྒྱ་སོ་དྲུག་སོགས་དང༌། དེ་ནས་ཐོག་སྲུང་འཁོར་ལོ། བསྟན་འགྱུར་བཀའ་འགྱུར་སྡེ་དགེ་པར་མ། ཡུམ་རྒྱས་པའི་གླེགས་བམ་རྣམས་བཟང་གོས་སྣ་ཚོགས་ཀྱིས་སྤྲས་པའི་བཞུགས་རིམ་ཡང་རིག་གནས། ཐེག་དམན་གྱི་མདོ། བྱ་སྤྱོད། རྣལ་འབྱོར། རྣལ་འབྱོར་