R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༤
[A:༥༠༤]ཆེན་པོའི་ཕ་མ། གཉིས་མེད་རྒྱུད་རྣམས་འོག་ནས་གྱེན་རྫོགས་ཀྱི་ཁྲོད་རིག་ཕུག་དང་འདོད་གསོལ་དུམ། སྨན་འདམ་དང་གདུང་ཚའི་རི་ཁྲོད་མ། འོད་ཟེར་ཅན། མི་གཡོ་བ། སྨེ་རྣམ། སེང་སྒྲ། སོ་འབྲང༌། གདུགས་དཀར། སྒྲོལ་ལྗང༌། རིགས་གསུམ། བཅུ་གཅིག་ཞལ། ཚེ་ལྷ་གསུམ། སྨན་བླ་རྣམས་ཀྱི་སྐུ་ཡོངས་བསྡོམས་བཞི་སྟོང་དྲུག་བརྒྱ་ང་ལྔ། དེ་ནས་བར་ཐོག་སྟེང་སྨན་འཇིམ་སོགས་ལས་གྲུབ་པའི་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བློས་བླང༌། གོས་ཡོལ་བླ་བྲེ་མཆོད་ཚོགས་བཅས་ཆོ་གའི་སྒོ་ནས་བཞུགས་མཐར། ཐུབ་དབང༌། རྣམ་སྣང༌། འོད་དཔག་མེད། མི་འཁྲུགས་པ། རྡོ་རྗེ་སེམས་དཔའ། བྱམས་པའི་སྐུ་རྣམས་བསྡོམས་བཞི་སྟོང་དང་གཅིག །རྗེ་རྡོ་རྗེ་འཆང་ཉིད་ནས་གཙུག་ཏོར་དྲི་མེད་ཀྱི་ཚ་ཆོག་མཛད་པའི་སཱ་ཙྪ་བརྒྱ་དང་བརྒྱད། ཡང་བར་ཐོག་སྟེང་རྒྱུ་གོང་འདྲའི་འོད་ཟེར་དྲི་མེད་ཀྱི་བློས་བླང་སྤྱི་དང་ཁྱད་པར་གྱི་མཆོད་རྫས་འགད་གཙང་བཅས། ཆོ་གའི་སྒོ་ནས་སྲོག་ཤིང་མཚལ་རྩི་བརྟན་སྔགས་གསེར་བྲིས། རྩ་བར་ས་སྙིང་སྲང་གང་དང་ལྕགས་རྡོར་བྱིན་ཅན། སྒྲིབ་སེལ་གཟུངས་དགུ་བཅུ། ལོགས་ལ་མཛོད་རྙིང་འདོད་གསོལ་ཅན། མཐའ་སྐོར་དུ་འོད་ཟེར་དྲི་མེད་སྙིང་པོ་ཅན་གྱི་སཱཙྪ་གོ་དགུ །བར་གཟུངས་ཀྱེ་རྡོ་རྗེའི་རྩ་སྔགས་ནས་རྣམ་འཇོམས་བར་གྱི་སྔགས་སོ་སོ་ནས་ལྔ་བརྒྱ་བཅུ་གསུམ་རེ་དང༌། ཚང་མ་གསེར་བྲིས་གཅིག །དམར་པོ་སྐོར་གསུམ། ནོར་རྒྱུན་མ། ཏོག་གཟུངས་ནས་འབྱུང་བའི་འབྲུ་ནོར་འཕེལ་བའི་གཟུངས་ཏེ་རྒྱུད་སྡེ་བཞིའི་གཟུངས་རགས་བསྡུས་དང༌། ཁྱད་པར་གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་དྲི་མེད། གསང་བ་རིང་བསྲེལ། བྱང་ཆུབ་རྒྱན་འབུམ། རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔར་གྲགས་པ་དང༌། རབ་གནས་རྒྱུད་གཟུངས་ཚུལ་ཁྲིམས་རྣམ་དག །སྲོག་ཤིང་བརྟན་སྔགས། རྡོར་དབྱིངས། ཆོས་