R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༥
[A:༥༠༥]དབྱིངས། །སྔགས་དབྱིངས། ཚེ་གཟུངས། བྱམས་པས་དམ་བཅའ། སངས་རྒྱས་སྟོང་སྙིང༌། མཛོད་སྤུ་ནོར་བུ། དེ་བཞིན་གཤེགས་པའི་ཡིག་བརྒྱ། མཚམས་མེད་སྒྲིབ་སྦྱོང༌། དོན་ཡོད་གྲུབ་པའི་གཟུངས། ཤེས་སྙིང་དང་སྔགས་ནམ་མཁའ་མཛོད་གཟུངས་རྣམས་སོ་སོ་ནས་ལྔ་སྟོང་ཆིག་བརྒྱ་ང་གཅིག་དང་གསེར་བྲིས་རེ། རིག་ཕུག་འདོད་གསོལ་དུ་མ། གསང་འདུས། འཇིགས་བྱེད། གཤེད་དམར། རྟ་མགྲིན་སྐྱེར་སྒང༌། དྲག་མཐིང་དམར། ཕུར་པ། ཡང་དག །རིག་བྱེད་མ། མཁའ་སྤྱོད་མ། བདེ་མཆོག །དུས་འཁོར་ཀྱེ་རྡོར་གྱི་སྐུ་རྣམས་བསྡོམས་དགུ་སྟོང་ཉིས་བརྒྱ་ཞེ་བདུན། དེ་ནས་བུམ་ཐོག་བྲེ་ནང་དུ་སྲོག་ཤིང་ལ་ཞལ་ཕྱོགས་ཤིང་འཁོར་མོར་བཞུགས་པ་ཡབ་རྗེ་བསོད་ནམས་རིན་ཆེན་དང་བྲག་རྩ་བ་གཉིས་འཇིམ་སྐུ། ཀྱེ་རྡོར་ལི་སྐུ། བདེ་མཆོག་དང་ཐུབ་དབང་ཀླུ་འཇིམ། ཕུར་པ་འཇིམ་སྐུ། ཆོས་དབང་གི་གཏེར་བཞེས་གུ་རུ། བིརྺ་པ། དཀར་པོ་རྣམ་གསུམ། ཁ་ཆེ་པཎ་ཆེན། ཆོས་རྗེ་ཁུ་དབོན། བུ་སྟོན། རྡོ་རིང་པ། ཡོངས་འཛིན། གློ་བོ་མཁན་ཆེན། དཀོན་མཆོག་ལྷུན་གྲུབ། ཚར་ཆེན། སྔགས་འཆང་ཆེན་པོ། བསོད་ནམས་ཆོས་འཕེལ། ཨ་མེས་ཞབས། ངག་དབང་རྣམ་རྒྱལ། བསོད་ནམས་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས་རྣམས་ཀྱི་སྐུ་ལས་ཁ་ཆེ་པཎ་ཆེན་དང་བུ་སྟོན་རིན་པོ་ཆེ་ནས་བཟུང་སོ་སོའི་ཕྱག་ནས་མ། སྔགས་འཆང་ཆེན་པོའི་ཞལ་ཐང་ཆུང་ངུ་བྱིན་ཅན། རྗེ་བཙུན་རིན་པོ་ཆེའི་མགུར་འབུམ་སྔགས་འཆང་ཆེན་པོའི་ཕྱག་བྲིས་མ། སངས་རྒྱས་འོད་སྲུངས་ཀྱི་ཚེམས་དུམ། བྱང་སེམས་ཆོས་འཕགས་དང་ཆིབས་ངང་བ་གསེར་ལྡན་གྱི་ཚེམས་དུམ། ཇོ་བོའི་ཕྱག་ཚའི་དུམ་བུ། འབྲོག་མིའི་སྤུར་ཐལ། དམ་པ་རྒྱ་གར་གྱི་ཚེམས། རྗེ་བཙུན་གྲགས་པའི་གདུང་རུས། ས་པཎ་སྤུར་ཐལ། སྐྱེར་སྒང་པའི་སྤུར་རུས། ཐེག་ཆེན་སྤུར་ཤ །ནམ་མཁའ་རྒྱལ་