R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༦
[A:༥༠༦]མཚན་གྱི་སྤུར་རུས། ངོར་ཆེན་རྡོ་རྗེ་འཆང་གི་སྤུར་རུས་སྤུར་ཐལ། རྒྱལ་ཚབ་ཞུན་ཐིགས། ཀུན་མཁྱེན་རིན་པོ་ཆེ་དང་སངས་རྒྱས་རིན་ཆེན་གྱི་སྤུར་རུས། སྤྱན་སྔ་ངག་དབང་ཆོས་གྲགས་ཀྱི་སྤུར་ཚ། དཀོན་མཆོག་ལྷུན་འགྲུབ་སྤུར་སོལ། སངས་རྒྱས་སེང་གེའི་སྤུར་ཐལ། ཚར་ཆེན་དབུ་ཐོད་དུམ་བུ་སྔགས་འཆང་ཆེན་པོའི་ཞུན་ཐིགས་ཆབ་སེར་རིལ་བུ། མཁྱེན་བརྩེའི་སྤུར་རུས། དཀོན་མཆོག་རྒྱ་མཚོའི་དབུ་ཐོད་དུམ་བུ། གཞོན་ནུ་བློ་གྲོས་ཀྱི་སྤུར་ཚ། གྲགས་བློ་བའི་སྤུར་རུས། ཆབ་སེར་རིལ་བུ། དཀོན་མཆོག་དཔལ་ལྡན་དང་ཤེས་རབ་འབྱུང་གནས་ཀྱི་སྤུར་རུས། མུས་ཆེན་སངས་རྒྱས་རྒྱལ་མཚན་དང་སྒར་ཆེན་གྱི་དབུ་ཐོད་དུམ། ཀླུ་སྒྲུབ་རྒྱ་མཚོའི་སྤུར་རུས། ངག་དབང་ཆོས་གྲགས་ཀྱི་གདུང་ཐལ། ཨ་མེས་ཞབས་ཀྱི་ཐུགས་དུམ་གདུང་རུས། བསོད་ནམས་མཆོག་ལྡན་གདུང་རུས། ངག་དབང་རྣམ་རྒྱལ་ཀྱི་དབུ་ཐོད་དུམ། བསོད་ནམས་དབང་ཕྱུག་གི་གདུང་རུས། བསྟན་པ་རབ་རྒྱས་ཀྱི་ཚེམས་རིང་བསྲེལ་ཅན་གྱི་དུམ་བུ། བཟང་པོ་རྒྱལ་མཚན་གྱི་གདུང་རུས། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་གདུང་རུས་གདུང་ཐལ། མཚལ་གཏར་རིལ་བུ། ཡབ་རྗེ་རྡོ་རྗེ་འཆང་གི་སྤུར་ཆབ་ཟེགས་འདམ་རྣམས་དང༌། ཡང་རྒྱལ་པོ་འོད་ཟེར་གོ་ཆ། འཁོན་དཀོན་མཆོག་རྒྱལ་པོ་ཡབ་སྲས། འུ་ཡུག་པ་རིག་སེང༌། ཤེས་རབ་རྒྱ་མཚོ། རྒྱལ་ཚབ། ལྷ་མཆོག །འཕགས་ཆེན། ས་ལོ། །དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་ངག་ཆོས། བདག་ཆེན་ཀུན་ལེགས། སྔགས་འཆང་ཡབ་སྲས། ཚར་ཆེན། མཁྱེན་བརྩེ། ནམ་དཔལ། དབང་ཕྱུག་རབ་བརྟན། ངག་དབང་ཆོས་གྲགས། ཨ་མེས་ཞབས་ཡབ་སྲས་དབོན། བཅོ་བརྒྱད་ཆེན་མོ་ཁུ་དབོན། བཟང་པོ་རྒྱལ་མཚན། ཀ་སྤེ་བ། ཡབ་རྗེ་རྡོ་རྗེ་འཆང་རྣམས་ཀྱི་དབུ་ལོ། །གཞན་ཡང་གོང་གི་བླ་མ་རྣམས་ཀྱི་ན་བཟའི་དུམ་བུ། གོང་མ་ལྔ། བདག་ཆེན།