R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༧
[A:༥༠༧] ས་ལོ། སྤྱན་སྔ། གྲོལ་མཆོག །ཚར་ཆེན། མཁྱེན་བརྩེ། སྔགས་འཆང་ཡབ་སྲས་གསུམ། ཤེས་འབྱུང༌། ངག་ཆོས། རྩེ་གདོང་ཁྲི་ཆེན་ཁུ་དབོན། ཨ་མེས་ཞབས་ཡབ་སྲས་དབོན། སངས་རྒྱས་ཕུན་ཚོགས། ཚུལ་ཁྲིམས་དཔལ་བཟང༌། ཡབ་རྗེ་རྡོ་རྗེ་འཆང༌། རྗེ་རྡོ་རྗེ་འཆང་སྐུ་མཆེད་བཅས་ཀྱི་བདུད་རྩི་རིལ་བུ་ཕོན་ཆེ་བ། ཐང་སྟོང་རྒྱལ་པོར་ཚེ་དཔག་མེད་ཀྱིས་དངོས་སུ་སྩལ་བའི་ཚེ་རིལ། མཁྱེན་བརྩེའི་སྐྱེ་བདུན་རིལ་བུ་སོགས་སྐྱེ་བདུན་དུུ་མ་ཇོ་བོའི་ཕྱག་བྲིས་མའི་དཔེ་དུམ། བླ་མ་གོང་མའི་གཏོར་སྐམ་སྣེ་འདུས། འཇམ་དབྱངས་རིལ་བུ། རྟེན་འདམ་རིལ་ནར། བ་སོའི་དབང་བུམ་བྱིན་ཅན་རྣམས་དང༌། ཆོས་འཁོར་ནང་ཡབ་རྗེ་རྡོ་རྗེ་འཆང༌། ཨ་མེས་ཞབས། སྔགས་འཆང་ཆེན་པོ། ཚར་ཆེན། གོ་རམ་རྗེ། རྡོ་རྗེ་གདན་པ། རྫོང་པ་ཀུན་རྒྱལ། ངོར་ཆེན་རྡོ་རྗེ་འཆང༌། གོང་མ་ལྔ། ལོ་ཆེན་ཨ་ཏི་ཤ །བིརྺ་པ། བོདྷི་སཏྭ། པདྨ་འབྱུང་གནས། ཀླུ་སྒྲུབ། སངས་རྒྱས་རྡོ་རྗེ་འཆང་གི་སྐུ་བཅས་བསྡོམས་ཆིག་ཁྲི་ཆིག་བརྒྱ་དོན་གཅིག །དབུ་གཟུངས་ལམ་ཟབ། ཀྱེ་རྡོར་བཀའ་བབས་བཞི། བདག་མེད་མ། གུར། སམ། དུས་འཁོར་ས་ལུགས། བདེ་མཆོག་ལཱུ་ནག་དྲིལ་གསུམ། ས་ཕུར། གསང་འདུས་འཕགས་ལུགས། འཇིགས་བྱེད་ས་ལུགས། ཀུན་རིག །ཨ་ར་པ་ཙ་ན་ལྷ་ལྔ། ཚེ་དཔག་མེད་ལྷ་དགུ། སེམས་བསྐྱེད་དབུ་མ་ལུགས་སོ་ཐར། གུར་ཞལ་རྣམས་ཀྱི་བླ་བརྒྱུད་དང༌། ས་སྐྱ་པའི་གདུང་རབས་རྣམས་བརྒྱ་དང་བཅུ་གསུམ་གསེར་བྲིས་ཚར་གཅིག་སྟེང་གྲུབ་ཆེན་བརྒྱད་ཅུ། ཡང་དག་ས་ལུགས། དྲི་མེད་རྣམ་གཉིས་ཀྱི་བརྒྱུད་པ་རྣམས་བཞུགས་