R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༤
[A:༥༡༤] སྐུ་གཤེགས་ཀྱི་རྒྱུན་བཞེས་འདྲེན་ཆས། དཀར་ཡོལ་དང་ཤེལ་དཔྱད་ངོ་མཚར་ཅན་དུ་མ། དངུལ་སྲང་ལྔ་བཅུ་མའི་ཏིང་བཅུ་གཅིག་རྣམས་དང༌། མི་རིང་བར་རྗེ་ཉིད་ཀྱི་ཕྲིན་ལས་ལས་ཟུར་སྦུག་ཕ་སྒར་སོགས་ནས་སྦྱིན་བདག་དད་ཅན་རྣམས་ཀྱིས་ཕུལ་གྲས་དཀར་ཤེལ་གྱི་མཆོད་དཔྱད། རྒྱུ་སྣ་ཚོགས་ལས་གྲུབ་པའི་མེ་ཏོག་ཕོན་བཅས་ཕྱག་ཏུ་སོན་པ་བཞིན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། ཆོས་རྗེ་ཁུ་དབོན། ཨ་མེས་ཞབས་སོགས་ཀྱི་དུས་ཆེན་མགོ་ཟླ་བའི་ཚེས་བཅུ་གཉིས་ཞབས་བསྐོར་ལ་ཕེབས་གདོང་མཆོད་སྡོང་གི་དྲུང་དུ་ཕུལ་ཞིང་ཐུགས་སྨོན་རྒྱལ་སྲས་ཀུན་ཏུ་བཟང་པོའི་རྗེས་འགྲོའི་མཚམས་སྦྱོར་ཡང་མཛད་ལགས། དེ་ནས་གཞི་ཐོག་ཏུ་གསང་རྒྱ་འཛོལ་མེད་དུ་ཕེབས་ནས་གཟིམ་ཕུག་སྤྲུལ་སྐུ། ལྕང་སྐྱའི་སྐུ་ཚ། ཞ་ལུ་མཁན་པོ། སྐྱོ་མདའ་བླ་མ་འཇམ་དབྱངས་ཀུན་དགའ་བསྟན་འཛིན་བཟང་པོ་བཅས་པར་གསང་འདུས་འཇམ་རྡོར། ནཱ་རོ་མཁའ་སྤྱོད་བཅས་དང༌། ཡང་གཟིམ་སྤྲུལ། སྡེ་དགེ་བླ་མ་སངས་རྒྱས་བཟང་པོ། བསོད་ནམས་རྒྱལ་མཚན། འདམ་བླ་བསྟན་ཡར། སངས་རྒྱས་དབང་ཕྱུག །སྡེ་དགེ་ཆོག་དཔོན་ཀུན་དགའ་ཕྲིན་ལས། སྐྱོ་མདའ་བླ་མ་རྣམས་ལ་གདུགས་དཀར་གཉིས། དྲི་མེད་རྣམ་གཉིས། གཟུངས་གྲ་ལྔ། ཀུ་རུ་ཀུལླེ་ལྷ་ལྔ། སྒྲོལ་མ་བཅུ་བདུན་མ། འཇིགས་བྱེད་རོ་ལངས་བརྒྱད་བསྐོར། བཅུ་གསུམ་མ། ས་ལུགས། ཞང་ལུགས། མགོན་པོའི་དབང་ཆེན་ལྔ་རྣམས་དང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཡོངས་རྫོགས། དམར་མོ་སྐོར་གསུམ་བྱིན་རླབས། འཇིགས་བྱེད་རྭ་འཁྲིད་ཉམས་འཁྲིད། རྭ་པོད། དཔལ་འཛིན་བེའུ་བུམ་དང་བཅས་པའི་ལུང༌། དཔའ་གཅིག །ལས་གཤིན་རིགས་གསུམ། བཅུ་