R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༦
[A:༥༢༦]ཐུན་མོང་དང་ཐུན་མོང་མ་ཡིན་པ། ཆགས་རྡོར། དཀར་པོ། ཕྱག་བཞི་པ། འདོད་རྒྱལ་ངོར་ལུགས། ཚར་ལུགས་ཐུན་མོང་བ། དམར་ཆུང་སྐོར་གསུམ་རྣམས་གནང་སྐབས་ཤིག་སྤྱན་ལྟས་སུ། དཔོན་པོ་རིའི་རྩེ་ནས་ལྷ་རྒྱལ་འཐེན་པའི་སྐད་གསལ་པོར་གསན་པ་དང༌། གཞི་ཐོག་ལྟག་གི་བསྐོར་ལམ་དུ་མི་ཞིག་གིས་ཙནྡན་དམར་པོའི་འཁུར་པོ་ཤིན་ཏུ་ཆེ་བ་ཞིག་འཁྱེར་ཡོང་བ་དང༌། ཡང་ལྷ་ཁང་རྩེའི་མཛོད་ནག་ནང་ཁུག་མ་སེར་པོ་ཞིག་ན་ཊཾ་ཀ་ཉུང་ངུ་ལས་མི་སྣང་བར་མི་ཞིག་ནས་ད་འདི་ཊཾ་ཀས་མྱུར་དུ་ཁེངས་ཡོང་རྒྱུ་ཡིན་ཟེར་བ་འཁྲུངས་པ་འདི་ལ་ནི། ཕྱི་ལྟར་ན་སླར་འབྱུང་ས་ཁྱི་ལོ་རྗེ་ཉིད་ནས་རིགས་སྲས་དམ་པ་ཉི་ཟླ་ཟུང་ལ་རྣམ་སྲས་རིགས་ཆེན་བཅོ་ལྔའི་རྗེས་གནང་སྩལ་སྐབས་མཛོད་འཛིན་ཀུན་དགའ་ཕུན་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་བ་ལྟར་དངུལ་བྲེ་ཆེན་བརྒྱ་རྩ་སོགས་རྗེ་བཙུན་ས་སྐྱ་པའི་འཐས་སུ་གན་མཛོད་འདིར་འཇོག་པར་མཛད་པ་དང༌། ནང་ལྟར་ན་ཁམས་གསུམ་དབང་དུ་སྡུད་པའི་གདུང་བརྒྱུད་རིན་པོ་ཆེ་མྱུར་དུ་ཞལ་གཟིགས་ཀྱི་བརྡར་གོར་མ་ཆག །དེ་ལོ་གོང་ས་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་གྲུ་འཛིན་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་སྐབས་རྗེ་ཉིད་ཕེབས་བཞེད་ཐུན་མོང་མ་ཡིན་པ་མཆིས་རུང་གདུང་རབས་རིན་པོ་ཆེ་ཉག་ཕྲ་བས་བཅད་རྒྱ་དང༌། ཞབས་དྲེག །ཞབས་འབམ་སོགས་སྒོ་དུ་མ་ནས་ཕེབས་མ་བདེ་བས་མཛོད་འཛིན་པ་ཤེས་རབ་ཕུན་ཚོགས་ལ་བཀའ་འདོམས་བཞིན་ཕེབས། དེ་ནས་ཆོས་གྲ་ལྷོ་བྱང་གི་སྤྱི་ཆེན་བཟོད་རྒྱན་གྱིས་གཞིས་རྩེ་བཀྲ་ཤིས་སོགས་བཀུག་ནས། ཐུབ་བསྟན་ལྷ་ཆེན་གྱི་རུང་ཁང་ངམ་གཡོས་ཁང་དཔལ་འབྱོར་རྒྱ་མཚོར་ཁྲོ་ཆེན་གསར་བླུགས་སྐབས། དེར་ཤིས་བརྗོད་དང་ཁྲོ་ཆེན་གྱི་མཚན་ལྗགས་སྒྲིག་མཛད་པ་དང་མཉམ་དུ་དབྱར་ཆོས་ཆེན་མོའི་ཚོགས་དུང་དཀར་པོ་རྒྱང་གྲགས་གསུང་བསྐུལ་དུས་གཅིག་མཛོམ་པའི་རྟེན་འབྲེལ་བཟང་པོར་ལྷུན་གྱིས་གྲུབ་སྟེ་མཚན་ཡང་འདོད་དགུ་རྒྱ་མཚོར་གསོལ་ཞིང་རྗེ་ཉིད་ནས་སྒྲུབ་གནང་གི་ཚོགས་བདག་ཟབ་