R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༢
[A:༥༤༢]དུ་བཞེས། ཁྲུམས་ཟླའི་ནང་ཕོ་བྲང་གཞི་ཐོག་ཏུ་ཕེབས་སྐབས་ཀྱི་བཅའ་སྒྲིག་ཀྱང་གོང་བཞིན་ལ་ཕེབས་མཚམས་བརྩེ་ཆེན་ལྷ་ཁང་དུ་གྲ་སྒྲིག་མཛད་དེ་ས་ཆེན་སྣང་བརྙན་རིན་པོ་ཆེར་སྙན་ཤལ་མཆོད་འབུལ་བཅས་གནང་བ་འདི་ནི་འཇམ་མགོན་དབང་གི་མཚན་ཅན་ཉིད་ཀྱིས་གཙུག་ལག་ཁང་དུ་ཕྱགས་ཕེབས་པའི་སྒོ་དང་པོ་དང༌། དེ་ནས་གཏང་རག་སྨན་ཆབ་སོགས་ལུགས་འགྲོ་བཀའ་དྲིན་ཆེ་ནས་ཁྲུམས་ཟླའི་གཟའ་ཚེས་དགེ་བར་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་རབ་ལས་མཁན་རུ་འདྲེན་དང་བཅས་པའི་འཆམས་དཔེ་དབང་པོར་གནང་ནས་རྗེ་ཉིད། བརྒྱ་དཔོན་བཀྲ་ཤིས་འོད་ཟེར། ཟུར་འཆད་གྲུབ་དབང་དམ་པ་རིན་ཆེན་རྒྱལ་མཚན་རྣམས་ཞལ་རྒྱས་ཏེ་སྔ་ཐོག་གི་སློབ་རྒྱུན་ལ་དག་མ་དག་གི་དཔྱད་པ་ནན་ཏན་མཛད་ནས་རུ་འདྲེན་སྡེ་བཞི་དང༌། པུ་ཏྲ་འཆམས་པ་དགུ་ཚན་བདུན་གྱི་འགོ་པར་བསླབ་སྦྱངས་དང༌། ཟླ་ནང་དེར་དབུ་རྩེར་ལོ་རིམ་ལ་ཆེད་དུ་དགོངས་པའི་མགོན་པོ་ལྕམ་དྲལ་གྱི་འབུར་སྐུ་གསར་བསྐྲུན་གྱི་མགོན་པོའི་ཞལ་ཁྱིམ་ནི་བདག་ཉིད་ཆེན་པོའི་འཆམས་སྐུ་སོར་བཞག་ལྟ་བུ་དང༌། ལྷ་མོ་ཡང་མགོན་པོའི་ཞལ་ཁྱིམ་སོར་བཞག་ལ་ཞལ་རྒྱན་དང་རྒྱ་མཚོན་བྱེད་མེ་རིས་མེད་པ་ཐུན་མོང་མ་ཡིན་པའི་གཟུངས་བཅས་བཀའ་དྲིན་ཆེ་ཞིང༌། གཞན་ཡང་དེ་ལོ་ཁྱད་འཕགས་འཕགས་པའི་ཐུགས་དམ་རྟེན་ཧོར་བཟློག་ལྕམ་དྲལ་དང༌། ཚོམས་བར་མཁས་བཙུན་ཕྱག་བཟོ་བྱང་འདུལ་མགོན་པོ་རྣམས་གསར་བསྐྲུན་ལྟ་བུར་ཉམས་གསོ་མཛད་དེ་རིང་བསྲེལ་རྣམ་བཞི་སྤྱི་དང་ཁྱད་པར་གྱིས་ཕྱུར་བར་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་ཕྱག་ནས་དང༌། མདར་མཁན་པོ་ངག་དབང་ཤེས་རབ་ཀྱིས་མགོན་པོའི་ཐུན་མོང་མ་ཡིན་པའི་རབ་གནས་ཞག་བདུན་མ་མཛད་པ་སོགས་ཞིབ་པ་མགོན་ཁང་ཟུང་གི་དེབས་གསལ་བཞིན་དང༌། གཞན་ཡང་གདུང་བརྒྱུད་རིན་པོ་ཆེ་གེགས་མེད་དུ་ཕེབས་པའི་གཏང་རག་ཏུ་ཆེད་དམིགས་མཛོད་འཛིན་པ་ཤེས་རབ་ཕུན་ཚོགས་ལ་བཀའ་འདོམས་ཀྱིས་ལྷ་ཆེན་ཟུར་