R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༥
[A:༥༤༥] ཟོར་ལས་པ་ལྔ་ཐེ་བའི་སྔགས་པ་བཅོ་ལྔ། དགེ་སློང༌། སྐྱེས་པ། བུད་མེད་རྣམས་ཀྱི་སོ་སོའི་ཆས། དངུལ་ཏིབ་པ། གཏོར་ཁུར་བ། འདྲེན་པ་སོགས་ཉེར་མཁོ་གང་དགོས། དེ་དག་ལ་བཀྱེ་རྒྱུའི་བདུད་རྩི་རིལ་བུ་དང་ཁ་རས་གང་དགོས། གྲོལ་ཉིན་འཆམས་སྐུ་ཕེབས་སྐྱེལ་གྱི་ཆས་རྣམས་གདན་འདྲེན་བཞིན་ནོ། །ཐ་སྐར་སྨིན་ཟླ་གང་རུང་གི་ཚེས་འགོར་གཡུལ་ཐང་འོང་བ་ཞེས་དར་འཛུགས་ལ་དར་རས་གང་རུང་དཀར་པོའི་དར་ཅོག་ལག་གསུམ་མ་རིང་བ། དེ་མཚུངས་དར་ཤིང་ལྕང་དཀར་ཤོལ་པོ་གང་རུང༌། འཛུགས་མི་དྲུང་འཁོར་སྐྱ་གྲས་མིང་བཀྲ་ཤིས་པ་ཞིག་གིས་སྔོ་ནག་མིན་པའི་ཚོས་མདོག་གང་རུང་གི་ལྡིང་སློག །མགོ་རས་ཀོང་རྣ་གསེར་པད་སོགས་གཟབས་ཆས་གྱོན་ནས་འཛུགས་སྐབས་ཕྱེ་མར་ཀག་ཤར་གསུམ་དང་ཐད་བུ་གང༌། ཕུད་ཆང་སྐོར་བཤའ་སྡེམས་ཉིས་འགོ་བཅོ་བརྒྱད། མང་ཇ་འཕར་ཇ་རེ་རེ། སྐྱེས་ཆེ་ཆུང་བུད་མེད་སོགས་མི་སྐྱ་ཉེ་སྐོར་འཆམས་པ་རྣམས་ལའང་བཞེས་དང་ཆབས་གཅིག་གཉེར་དཔོན་གྱིས་ཐོ་འགྲེམས། དགེ་སློང་སྔགས་པ་དགུ་ཚན་བདུན་དང༌། རྔ་རོལ་གྱི་འགོ་པ་རྣམས་མཛོད་པའི་མདུན་བསྒྲིགས་ཏེ་བཀོད་ཁྱབ་བྱེད། འགོ་པ་རྣམས་ཀྱིས་འཆམས་རྒྱུགས་ཕེར་བྱུང་ན་བརྒྱ་དཔོན་དང་ཟུར་འཆད་པ་གཉིས་ལ་སུམ་ཤག་རྡོར་བཅས། དབུ་བྱེད་གཉིས། པུ་ཏྲ་འཆམས་འགོ་བདུན། དགེ་སློང་སྔགས་པ་བཅས་ཀྱི་འགོ་པ་སྤྱིར་ཇ་ཤག་རྡོར་བཅས། གོང་གསལ་སྤྱིར་བདུན་ཚན་བཅས་གནང༌། མགོ་ཟླའི་ཚེས་གཅིག་ནས་མགོན་ཁང་ཁག་བཞིའི་ཕྲིན་འཆོལ་ལ་ངེད་རང་མཁན་ཆེན་འབྱོན་ན་དང༌། བརྒྱ་ལས། བན་ཚང༌། བདེ་གླིང་དབུ་བྱེད། སྐུ་གཉེར་ལྟོ་གཟན། དྲུང་སེར་སྐྱ་རྣམས་གཟབས་སྤྲོས། བྱིངས་ལ་འཆམས་རྒྱུགས་ལེན་སྐབས་གཞི་ཐོག་གཞོལ་ནུབ་ཀྱི་ཤག་སྟེང་ངེད་རང་མཛོད་པ་བརྒྱ་དཔོན་དབུ་བྱེད་གསུམ། བདེ་གླིང་དབུ་བྱེད་ཟླ་བོ་སེར་སྐྱ་བཅས་འཁོད་