R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༦
[A:༥༤༦]ནས་བླངས་ལ། ཉིན་ཕྱེད་ཉིན་གང་སོགས་ཡུན་ལ་དཔགས་པའི་ཇ་གཏོང་ལུགས་དང༌། གཉེར་ཚང་ནས་འཆམས་པ་དང་རྔ་རོལ་པར་ཉིན་ཆས། མི་ནག་འཆམས་པར་ཆང༌། རྒྱུགས་ཕེར་ན་མི་བཅུ་རེར་གསོལ་རས་འབྲས་བྲེ་རེ། མགོ་ཟླའི་ཉེར་གཅིག་ཆོག་བསྒྲིགས་ལ་རྔ་རོལ་གྱི་གྲལ་གོང་བཞིན་ལ་མཁན་པོ་འབྱོན་ན་དང༌། དུང་མཁན། དུང་རྒྱ་རྫག་དུང་རྣམས་ཀུན་རའི་ཤར་གཉེར་ཚད་མདའི་གཡབ་འོག་དང༌། ལྷ་བྲིས་པ་སོགས་ཀྱི་སྤོས་ཕོར་བ་གཉིས། རྐང་གླིང་ཆ། རུ་འདྲེན་ལས་མཁན་འཆམས་པ་གང་ཡོད་བཅས་ཉི་ཤར་ལ་འཛོམ་ནས་ཐོག་མར་ངེད་རང་དང་གསེར་སྐྱེམས་པ་རྣམས་ཀྱིས་གསེར་སྐྱེམས་ཀྱི་འཆམས། དེ་ནས་དགེ་སློང་སོགས་འཆམས་པ་རྣམས་གྲ་ཚང་དེ་བས་བཞིན་འཐོན་ལ་འཆམས་ཇ་གསུམ་གཏོང་མཚམས་རིམ་བཞིན་བུད་མེད། པུུ་ཏྲའི་སུམ་བརྡུང༌། བདུན་བརྡུང་གཉིས་རྫོགས་མཚམས་རྣམས་སུ་གཏོང༌། འཆམས་པ་སེར་སྐྱ་ཚང་མ་ཚོམས་ཆེན་མདའ་ཕུགས་ལ་གང་བཤོམ་དང༌། རྔ་རོལ། དུང༌། རྒྱ་གླིང་སོགས་ལ་རང་གནས་སུ། རུ་འདྲེན་འཆམས་ཀྱི་མཚམས་གང་འོས་ལ་གཏོང༌། གསུམ་པ་པུུ་ཏྲའི་སུམ་བརྡུང་རྫོགས་ནས་པུུ་ཏྲ་བ་བྱིངས་མཐིལ་དུ་སྒོར། ངེད་རང་རྔ་གྲལ་དུ་ཡོང༌། རུ་འདྲེན་སོགས་ལ་གོང་བཞིན་གཏོང༌། ཉེར་གཉིས་བཅའ་སྒྲིག་ལ་ཚོམས་ཆེན་གྱི་ཐོག་འཁོར་མར་གོས་ཀྱི་བླ་བྲེ། གནམ་ཡངས་ལ་ལྡ་ལྡི། གསེང་གཡབ་ལ་དྲག་ཡོལ་ཐུང་ངུ། གདུང་འཁོར་མར་གོས་ཀྱི་ལྕེ་ལེ། ཀ་དར། གྱང་ལྡེབས་འཁོར་མར་གོས་ཡོལ། སྒོ་ནང་གི་ཀ་གདོང་གཉིས་ལ་རྐང་བཞི་འབག་ཆ་ཚང༌། ཀ་རིང་དང་གུང་གྲལ་གྱི་ཀ་ཐུང་གཉིས་རྒྱབ་གྲལ་ལྷོ་བྱང་གི་ཀ་བ་རྣམས་ལ་གོ་མཚོན་རྣམས་བསྒྲིག །ཉེར་གསུམ་འཆམས་སྐུ་གདན་འདྲེན་ལ་ཁྱད་བྱང་ནས་འཕགས་མགོན་ལྕམ་དྲལ། བསོད་ནམས་དབང་ཕྱུག་གི་འཆམས་མགོན་