R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༧
[A:༥༤༧]གསུམ། ཚོམ་བར་ནས་བྱར་འདུལ་དང་གྲགས་བློ་ལྕམ་དྲལ། ཁྱད་འཕགས་ལྷོའི་འཆམས་སྐུ་གསུམ། མགོན་ནུབ་བརྒྱད་རྣམས་དང༌། རོལ་སིལ། བར་གོས་ཀྱི་ཆོས་གོས་སྣམ་སྦྱར། རྔ་སར། གོས་བེར་རྙིང་མ་གང་འཁྱེད། ལྷ་ཆེན་རྔ་ཁང་གི་གསེར་རྔ་ཆེ་གྲས། ཕུར་སྒྲུབ་ཀྱི་མདུང་དར་དཀར་པོ་གཉིས། མདུང་ནག་ཆེ་ཆུང་ཆ། ལྷ་མཆོད་ཀྱི་དར་ཁྲ་བཅོ་བརྒྱད། དཀར་མོ་མགོན་ཁང་གི་ཟངས་དུང་ཕུན་ཚོགས་འབྲུག་སྒྲ། གསེར་དུང་འཛམ་གླིང་དབང་སྡུད། དངུལ་དུང་དཔལ་འབྱོར་དར་རྒྱས། ངེད་རང་གི་ཐོག་ལ་བདེ་གླིང་པས་ཕུལ་བའི་སྙན་གྲགས། ངེད་རང་གིས་གསར་བསྐྲུན་བསོད་ནམས་ང་རོ། ག་ར་གཡར་ལུང་གི་གསེར་སྐྱེམས་པ། འཕྲང་སྲང་གི་སྤོས་ཕོར་བ་སྟེ། མདུང་པ་ནས་འདི་བར་རྒྱ་ལུ་ཆས། རྫག་དུང་བ་བཞི་ཞྭ་གོས་སོགས་རྒྱུན་བཞིན་ལ། གསར་པ་རྒྱ་ཞྭ་རྒྱ་གོས་ཅན་གྱི་རྒྱ་གླིང་པ་བཞི། ནག་རེངས་པ་སོགས་རྒྱུན་བཞིན། ཧ་ཤང་ལྔ། སྐྱ་བོ་དཔོན་རྣམས་ཀྱི་གྲལ་རིམ་སོགས་གྲྭ་ཚང་དེབས་བཞིན། མདུང་པ་ནས་སྐྱ་བོ་བར་གྱི་དོ་དམ་པ་དྲུང་འཁོར་སེར་སྐྱ་གང་རུང་ནས་གྲལ་རིམ་སོགས་གྲྭ་ཚང་མཆོད་དཔོན་དང་གྲོས་བསྡུར་ཐོག་ནས་བྱེད། ཉེར་བཞི་མཉེན་ཆས་ལས་ཚོགས་སུ་ཁྲི་དང༌། འཆམས་འཕྱར། གདན་བཀོད་རྣམས་མགྲོན་གཉེར་གྱི་དེབས་བཞིན། དྲུང་སྐྱའི་རིགས་དང་སྐྱེས་ཆེ་ཆུང༌། གསེར་དུང༌། དངུལ་དུང༌། མདུང་དར་དཀར་པོ་གཉིས་རྣམས་རྒྱ་ལུ་ཆས། རྫག་དུང་དང་རྒྱ་གླིང་ཆ་རེ་ཆས་གོང་བཞིན། དྲུང་འཁོར་སེར་མོ་བ་དང་འཆམས་པ་རྣམས་གཟབས་སྤྲོས། རྔ་རོལ་ཆོས་དུང་བ་རྣམས་གཟབས་སྤྲོས་ཀྱི་ཁར་སྣམ་ལྕམ། བུད་མེད་འཆམས་པ་རྣམས་གོས་དམར་སྟོད་གོས་རྒྱན་བཅས། དྲུང་སེར་གྱི་སྤོས་ཕོར། ཆོས་སྡེའི་གདུགས་འཛིན་པ། ལྷ་བྲིས་སྤོས་ཕོར། རྐང་གླིང༌། འབོབ་ལྕག །རྒྱུག་དམར་བ་སོགས་ཁྲིམས་གནོན་པ་རྒྱུན་བཞིན་