R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༨
[A:༥༤༨]བཅས་དེ་ཉིན་གྱི་ཚོགས་པ་གྲོལ་ནས་གཞི་ཐོག་རྩེ་སོགས་ནས་ཆོས་དུང་གཏང༌། ཐོག་མར་མདུང་པ། དུང་ཆེན། རྫག་དུང༌། ལྷ་བྲིས་སྤོས་ཕོར། རྔ་རོལ། རྒྱ་གླིང༌། དྲུང་འཁོར། སྤོས་ཕོར། ངེད་རང་འཁོར་བཅས། མཁན་ཆེན་ཡོད་ན། ངེད་རང་གི་རྗེས་ལ་དྲུང་ཆེན་ཟུང་བཅས་གཞི་ཐོག་ནས་ཆས་ཏེ་ས་ཚོགས་སུ་མདུང༌། དུང༌། རྒྱ་གླིང༌། རྫག་དུང་རྣམས་ནུབ་བསྟན། ངེད་རང་འཁོར་བཅས་དང་རྔ་རོལ་རྣམས་སོ་སོའི་གདན་ལ་འཁོད། འཆམས་པ་རྣམས་ཀྱི་ཆ་ལུགས། འཆམས་ཚུལ། འདོན་པ། རྔ་རོལ་གྱི་རྣམ་གཞག་གྲྭ་ཚང་དེབས་བཞིན། ཁྲོ་ཁང་དུ་འཆམས་ཇ་ཡག་པ་གསུམ་མཉེན་ཆས་གང་ཡོད་དང༌། ལྷོ་བྱང་གི་གྲྭ་ཁྲོལ། ཆོས་ལྷུན་རིན་སྒང་པ་སོགས་མང་ཇ་རྒྱུན་རྒྱུག་ལྟས་མོར་ཡོད་པ་རྣམས་ལ་ལྡངས་པར་གཏང༌། རུང་ཁང་ནས་ཇ་གཉིས་འཆམས་པ་གང་ཡོད་དད་ཚོགས་རྣམས་ལ་གཏང༌། བུད་མེད་ཤ་སྐལ་གྱི་སྐབས་སུ་སྔ་རྟིང་གཉིས་ལ་བཀྲས་བཏགས་དང༌། གཞན་ཚོར་གསར་འཕེལ་ཡག་པ་རེ། འཆམས་གྲུབ་ནས་གྲལ་རིམ་གོང་བཞིན་གྱིས་གཞི་ཐོག་ཏུ་འགྲོ། ཉི་ཤུ་བདུན། བརྒྱད། དགུ་གསུམ་ལ་ཐོར་དུང་སོགས། བདུན་བརྒྱད་ཀྱི་སྲོད་རྫག་དུང༌། ཉེར་དྲུག་ཉིན་མདོས་ཚོགས་སྐབས་དགེ་སློང་སོགས་བཞུགས་མིན་པ་རྣམས་ལ་འཆམས་ཐོ་བཤད་ཀྱིན་སོ་སོའི་ཆས་འགྱེད། གཏོར་འབུལ་གྲུབ་ནས་གོང་འཕྲོས་ལ་སོ་སོའི་འཆམས་ཆས་བཀྱེད་ནས་བྱིངས་ལྷ་མཐིལ་དང༌། གསེར་སྐྱེམས། པུ་ཏྲ། རྔ་རོལ་རྣམས་ཀྱི་ཆས་སོ་སོས་ཚོམ་དམར་དུ་སྐྱེལ། ཉེར་བདུན་ལ་བུད་མེད་ཀྱི་ཆས་དང༌། གུར་ནག །དེའི་མགོ་པ་དང་གཙོ་མོའི་དམ་རྫས་བཅོ་ལྔ། གཞན་ཚོར་བཅུ་གཅིག །ས་འདུལ་གྲུབ་འཕྲལ་གདན་བཀོད་སོགས་མགྲོན་དེབས་བཞིན་ལ། བུད་མེད་ཀྱི་ས་ཁྲི་གཡང་གཞིའི་ཐུམ་བཅས་ཁང་དཔོན། ཉེར་བརྒྱད་སྔ་བར་དར་ནག་བཅུ་གསུམ་འཛུགས་པ་དང་དེ་མདུན་སྤོས་དུད་བཅས་ཀྱི་དོ་དམ་དྲུང་