R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༩
[A:༥༤༩]ཡིག་ཟླ་བོ་འོས་མཚམས། བུད་མེད་ཤ་སྐལ་ལ་རྒྱུག་ཚེ་ཁྲོམ་ནང་ཕྱོགས་བཞིར་སླ་ང་སོགས་སུ་ཤ་ཆེན་ཅུང་ཟད་བསྲེས་པའི་གུ་གུལ་ཕོན་ཆེ་བ་དང༌། སྤོས་རེངས་བུ་དྲི་བཟང་གི་དུམ་བུས་དུད་པ་ཤིན་ཏུ་གཏོས་ཆེ་བ་སྦྱར། འཆམས་དངོས་གཞིའི་ཆས་མདུང་དཀར་པོ་ནས་སྐྱ་བོ་པའི་བར་འཆམས་སྐུ་གདན་འདྲེན་བཞིན། གསེར་དམ་གསར་བརྡུང་དང་དངུལ་གྱི་ཕུད་ཕོར་བཅུ་བཞི་ཕུད་དམ་དང་དངུལ་གཞོང་འབྲུས་གང་བ་ཁྱེར་མི་རྒྱ་ལུ་ཆས། དབྱངས་ཆགས་གྲུབ་ནས་ངེད་རང༌། གསེར་སྐྱེམས་པ། རྔ་རོལ། སྤོས་ཕོར། རྐང་གླིང༌། གདུགས་པ། རྫག་དུང་པ། དགེ་སློང་སོགས་འཆམས་འཐོན་ཉེ་ཕལ་ཆེར་ཆས་ཞུགས་གྲུབ་པ་དང་ས་ཚོགས་ནས་ཆོས་དུང་ཐང་བདུན་བཏང་ནས། དུང་མཁན་གཞི་ཐོག་ལ་ཡོང་བ་དང༌། འཆམས་ལ་ཆས་བརྡ་གཞི་ཐོག་ནས་གསེར་དུང་འཛམ་གླིང་དབང་སྡུད་བྱུང་བསྟུན་གོང་འཁོད་སྔོན་འགྲོས་པ་རྣམས་འཆམས་སྐུ་གདན་འདྲེན་བཞིན་གྱི་ཐོག་མར་མགྲོན་གཉེར་གཞོན་པས་སྣ་དྲངས་ཏེ་མདུང་པ་རྣམས་འཆམས་རའི་ཐིག་ནང་གཡས་བསྐོར་ལ་ཕྱིན་ནས་གྲལ་མགོ་མཇུག་ཤར་སྒོ་གཉིས་ཀྱི་མཚམས་སུ་ཡོང་བར་བྱས་ཏེ། ཡངས་དོག་ཆ་སྙོམས་གྲོགས་དྲུང་ཡིག་སོགས་འཕྱར་དར་མདུན་ཡོད་རྣམས་ཀྱིས་བྱེད། ཟངས་དུང་ཕུན་ཚོགས་འབྲུག་སྒྲའི་གཡས་སུ་གསེར་དུང་གཞི་ཐོག་ནས་འབྱོར་བསྟུན་བཞག །གཡོན་དུ་དངུལ་དུང༌། གསེར་དུང་གཡས་སུ་རྒྱ་གླིང་ཆ་གཅིག་དང་བདེ་གླིང་སྙན་གྲགས། དངུལ་དུང་གཡོན་དུ་ཆ་གཅིག་དང་ཟངས་དུང་བསོད་ནམས་ང་རོ། དུང་པ་ཆ་ལྔའི་མཐའ་གཡས་གཡོན་དུ་རྫག་དུང་ཆ་རེ་བཅས་ནུབ་བསྟན་དུ་བསྒྲིག །གཡང་གཞིའི་ལག་རྩེ་གཉིས་ཐད་ཨ་ཙ་རའི་སྤོས་ཕོར་བ་ཁ་ལྷོར་བསྟན། འདོན་པ་དང་འཆམས་ཀྱི་གོ་རིམ་གྲ་ཚང་དེབས་བཞིན། འཆམས་ཇ་ལྔའི་གོང་འོག་གཉིས་ཁྲོ་