R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༤
[A:༥༥༤]བལྟ། །ཕྲིན་ལས་གྲུབ་པའི་གཏང་རག་ཀུམ་བྷ་ནས། །དགེ་མཚན་རབ་གསལ་བརྒྱད་ལྡན་དག་བྱེད་ཁྲུས། །ཐབས་ཤེས་མྱུ་གུར་བཅས་པའི་མི་མཐུན་དྲི། །དབྱིངས་སུ་སྐྲོད་པའི་རྒྱུན་བཟང་ཡང་ཡང་འབབ། །སྔོན་བྱོན་གོང་མའི་བཞེད་སྲོལ་མདོས་གཟབས་ཞེས། བཀའ་གཉན་འཆམས་ཀྱིས་ཡིད་སྣང་འགྱུར་རྗེས་སུ། །ཁོར་ཡུག་ཕྱོགས་ནས་རྒྱུག་པའི་ཡིད་ཅན་ཀུན། །བདག་པས་གཅེས་འཛིན་བྱང་ཆུབ་སེམས་ཀྱིས་བསྐྱངས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་དྲུག་དུ་ཕེབས་པ་ཤིང་སྤྲེལ་རྒྱལ་ཟླའི་ཚེས་གཅིག་ལོ་གསར་ལ་འཕྱར་དར་ཚང་མ་དཀར་པོ་དང་ཚོགས་པས་གོས་བེར་གྱོན་པ་སོགས་སྔར་སྲོལ་མེད་ཀྱང་ཁྱད་མཚར་མཛད་པ་དང༌། ཚོམས་ཆེན་གནམ་ཡངས་ལ་ནོར་བུའི་དོ་ཤལ་ཐོག་མར་འགྲེམས་གནང་གི་སྐབས་དང༌། བཞུགས་གྲལ་ཐོག་ངོར་གྱི་ཞབས་དྲུང་ཡས་མས་སྡེ་དགེ་སྐུ་ཚབ་རྣམས་ཀྱིས་ཐོག་དྲངས་གཞིས་བྱེས་ཀྱི་སྐུ་མགྲོན་རྣམས་ཚོགས་དུས་སྡེ་དགེ་ནས་གཟུངས་གྲ་ལྔའི་སྐུ་སྒྲོས་གཙང་རྣམས་ཕུལ། དེ་ནས་གཏོར་སྤོད་རྣམས་མཛད་མུར་མངའ་ཞབས་ཚང་མ་དང་གཞན་ཡང་འགའ་ཞིག་ནས་བྲོ་གཞས་སོགས་ཉམས་དགའི་རྩེད་འཇོ་ཡང་ཕུལ། ནུབ་གཅིག་རྗེ་རྡོ་རྗེ་འཆང་ཆེན་པོར་ཚ་བའི་སྙུན་ཐུ་མོ་ཞིག་འཁྲུངས་ཀྱང་སང་དེ་གར་སོང་ཆ་མེད་དུ་དེངས་པའི་ཚུལ་མཛད། ཟླ་བ་དེ་སྐུ་གདུང་རིན་པོ་ཆེ་ཞལ་གཟིགས་ནས་བཅུ་པ་སྐུ་དོགས་ཚུལ་དེ་ཡིན་པ་བཞིན་རྗེ་ཉིད་ནས་གྲུབ་རྒྱལ་མ་དང་ལྕགས་སྡོང་རྟ་མགྲིན་སྐྱེར་སྒང་བླ་མ་ཞི་ཁྲོ་ལྕགས་སྡོང་ལྷ་མང་རྣམས་གྲངས་མང་སྩལ་བས་སྐུ་གེགས་དབྱིངས་སུ་ཡལ། རྟ་ཟླའི་ཚེས་གཅིག་ནས་དགུང་གེག་སྔ་བསུའི་མཚོན་ཕྱི་སྐྱེལ་བཅས་ཞི་ཆེད་སྐུ་ཚེ་ཚེ་ཆོག་ལོ་གསུམ་མ་བཅུ་ཚིགས་རྒྱས་པའི་སྦྱིན་སྲེག་བཅས་ཚུགས་པའི་སྔ་དྲོ་དམ་ཚིག་ཕྱག་དྲིལ་ཐེག་ཆེན་མ་ཁྱད་མཚར་དེ་སྐྱོན་ཅན་དུ་གྱུར་པས་ཉིན་གང་ཐུགས་གྲང་