R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༧
[A:༥༦༧]མང་དུ་བསྒྲིགས་པར་མཛད་པས་ན་ཨེ་ཝཾ། བརྩོན་འགྲུས་བཟང་པོའི་མཚན་མཐའ་བཟང་པོར་གསོལ་བར་མཛད་ལགས། རིལ་སྒྲུབ་སྐབས་བསམ་ཡས་སུ་གནང་རྒྱུའི་དབུ་འཆིང༌། རྒྱལ་མཚན་ཇུས་དཀར་སོགས་བཀའ་འདོམས་དང༌། དེ་དུས་རྗེ་ཉིད་དང་རྒྱལ་སྲས་གཅུང་དམ་པ་ཅུང་ཟད་སྙུན་ཚུལ་ཡང་སྲུང་འཁོར་ལྗགས་སྔགས་རིམ་གྲོའི་རིགས་ནན་ཆེར་མཛད་མ་ཐག་ཡབ་སྲས་སྐུ་དཀྱིལ་གསལ་བས་རིལ་སྒྲུབ་གཏང་རག་དང༌། ཆུ་ལུག་ནང་བཞིན་ལྷ་མོ་གསོལ་མཆོད་གཟབས་ཤོམ་ལེགས་འབུལ་རིམ་གྲོ་རྣམས་མཛད་དུས་ཚོགས་ཆེན་དབུ་བྱེད་བསོད་ནམས་བསྟན་འཛིན་འཁོད་འཕྲལ་དང༌། སྣྲོན་ཟླའི་ཚེས་དྲུག་ནས་ཟླ་གཅིག་རིང་མགོན་ཁང་ཡོད་དོ་ཅོག་ཏུ་བསྟན་འགྲོའི་བདེ་ཐབས་ལ་ཆེད་དམིགས་གསུང་བསྐང་ཐོག་སྙན་ཤལ་འདོད་གསོལ་ཅན་རྣམས་བསྟར་ཞིང༌། ཚེས་དྲུག་ལ་ཕུན་གླིང་རྩེར་གསེར་ཟངས་ཀྱི་རྒྱལ་མཚན་ཟུང་གསར་འཛུགས་དང་སྦྲགས་གཟིམ་ཆུང་སྟེང་ཐུག་གསུམ་གནས་སྤོའི་ཐུག་འཛུགས་གནང་བའང་གོང་མ་ལྕམ་དྲལ། ནུབ་མ་ཞལ་གཙོ་འཁོར། ཤར་མ་ལས་མཁན་ལྔར་བསྐྱེད་ཆོག་གནང༌། དེ་ནས་རྗེ་ཉིད་ཀྱིས་མགོན་ཁང་བཞིར་གདུང་བརྒྱུད་གེགས་མེད་ཕེབས་པའི་གཏང་རག་ཐོག་འཛུགས་གཏོར་འབུལ་གནང་གི་སྐྱེད་ལྷས་སུ་ལྷོའི་སྤང་སྟེང་དུ་གཏོར་འབུལ་དུས་འཛུགས་གཏོར་དཔལ་བཤོས་དེ་མགོན་ཁང་དུ་ལུས་པས་སླར་ཡང་ཕྲིན་འཆོལ་རྒྱུན་འཐུད་ན་དགེ་མཚན་འཁྲུངས། བསམ་བརླིང་ལྷོ་རི་རྡོ་གདུགས་འདི་གཅུང་དམ་པའི་བླ་རི་དང་ས་འཛིན་ཕུན་ཚོགས་ཡང་རྩེར་མངའ་གསོལ་མཛད་དེ་སླར་ཡང་སྐྱེད་ལྷས་སུ་དམ་རྫས་རྒྱན་ལྡན་གྱི་གཏོར་ཆེན་འཛུགས་གནང་གིས་གཏོར་བསྔོ་དང་བསྐང་བ་བརྒྱ་རྩ་དང༌། དེ་ནས་ལྷ་ཁང་མཁན་ཆེན་ལ་ལོ་གང་གཏོར་བསྔོ་དང་བསྐང་བ་བརྒྱ་རྩ་ཆག་མེད་མཛད་དགོས་འདོམས་པར་མཛད་དེ་ཕུར་སྒྲུབ་ཕྲིན་འཆོལ་སོགས་དང༌།