R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༥
[A:༥༧༥] རྟག་གཏོར་གྱིས་མཚོན་གཏོར་སྒམ་རྣམས་ནང་སོའི་ཐོག་ནས་ཚོམས་ཆེན་དུ་གདན་འདྲེན་དང༌། གཏོར་སྒམ་ཆེ་བ་སྤྱན་གཟིགས་སོགས་རིམ་བཞིན་བསྡུ་བའི་བཀའ་འདོམས་སྩལ་རྗེས། བན་ཚང་ལྷ་བྲིས་བསྙེན་སོང་གཉིས་སོགས་ཁ་རས་ལག་བཀྲུ། སྔགས་འཆང་ཆེན་པོའི་བདུད་རྩི་ངོ་མ་བཟོས་རྗེས་སྐུ་ས་འབྱར་མ་བསྒུལ་བས་ཐོག་མར་ལྕིད་ཆེ་བ་སོགས་རྒྱུ་མཚན་དུ་མས་དཀའ་བར་གྱུར་དུས་མཛོད་འཛིན་ཡང་ཡང་སྐུ་མདུན་དུ་ཕེབས་ཏེ་གང་ཅིའི་སྙན་འབུལ་དང༌། དར་ཙམ་ཞིག་ནས་རྗེ་ཉིད་གནས་བཅུ་ནས་འཛམ་གླིང་ཕུན་ཚོགས་དཔལ་འབར་དུ་ཞབས་གཡས་ཀྱི་ཚིགས་ཁྲོལ་བས་འཐེང་བཞིན་དུ་ཕེབས་འཕྲལ་མཛོད་འཛིན་ནས་སྒོ་བསྒྲིགས་སྟེང་དུ་སྤྱན་འདྲེན་ཐུབ་ཅིང་ཞབས་གཡས་ལ་གྲུམ་ཅུང་ཟད་མ་གཏོགས་སྐྱོན་མེད་ཀྱི་གནས་ཚུལ་རྣམས་ཕུལ་བས་ཤིན་ཏུ་དགྱེས་ཏེ། ཟངས་འཁོར་ཆེ་ཆུང་སྣ་ཚོགས་སོགས་ཆུ་སྣོད་གཙང་མ་ཐོགས་མེད་འདུ་མཛད་དེ་མགོན་ཁང་རྒྱབ་ཀྱི་ནང་དེའི་ལྷོ་དང་ཐོག་ལ་སྒོ་ཕུག་སྟེང་དུ་འགྲོ་ཡུལ་སྐས་དང༌། མགོན་ཁང་ཆེན་མོའི་སྒོ་གླེགས་གཉིས་ཀྱང་ཕུད་ཆོག་གིས་སྐུ་དང་ཟངས་ཆེན་སོགས་བཞུགས་ཡུལ་རྣམས་ལྷུས་ཐེངས་མཛད་རྗེས། སང་སྔ་བར་རྗེ་རྡོ་རྗེ་འཛིན་འཁོར་ཚོགས་གང་འཚམས་དང་བཅས་རྣམ་འཇོམས་རྒྱུན་སྒྲུབ་གནང་མུའི་བུམ་པ་དང་ཆུ་སྣོད་སོགས་ལ་བྱུག་རྫས་དྲི་བཟང་བྱིན་ཕྱེ་སྦྱར་བ། དེ་སྐོར་ལ་གནང་རྒྱུའི་སྔགས་འཆང་ཆེན་པོའི་བདུད་རྩི་ངོ་མ་རྣམས་སྔོན་འགྲོའི་བཀའ་འདོམས་མཛད་ནས། རྗེ་ཉིད་ཀྱིས་རྣམ་འཇོམས་ཀྱི་གཟུངས་བཟླ་ཞིང་བུམ་ཆུ་འཐོར་བཞིན་པས་སྣ་དྲངས་ཏེ་སྤྱན་འདྲེན་སྐབས་ལྕིད་མེད་ལྟར་བདེ་བར་ཡེར་གྱིས་མགོན་ཁང་ཆེན་མོར་ཕེབས་ཞབས་ལ་ཉམས་གསོའི་སྐབས། རྗེ་ཉིད་སྐུ་འཁོར་རགས་བསྡུས་ཀྱིས་ནང་སོ་ནས་འཕགས་པ་རིན་པོ་ཆེའི་ཕྱག་ནས་མ་གུར་མགོན་ལྕམ་དྲལ། སྨུག་ཆུང་ཞལ་འབག་སོགས་རིམ་བཞིན་སྤྱན་